ཨོ་སི་ཁྲུ་ལི་ཡ་དང་འཛམ་གླིང་ནང་ཨོ་ལིབ་སྣུམ་གྱི་རིན་གོང་ཤུགས་ཆེ་འཕར་བ།

APTOPIX Virus Outbreak Palestinians Olive Harvest

A Palestinian farmer wears a face mask while harvesting olives, in Gaza City, Thursday, Oct. 8, 2020. Palestinians begin the olive harvest in October, a staple for many local farmers that also use them to produce oil. (AP Photo/ Hatem Moussa) Credit: Hatem Moussa/AP

Get the SBS Audio app

Other ways to listen

ཉེ་བའི་ཆར་ཨོ་སི་ཁྲུ་ལི་ཡ་དང་འཛམ་གླིང་ཁྱོན་ཡོངས་སུ་ཨོ་ལིབ་ Olive སྣུམ་གྱི་རིན་གོང་ཤུགས་ཆེ་འཕར་ཡོད་པ་རེད། འདིར་ལོར་ཨོ་སི་ཁྲུ་ལི་ཡ་རྒྱལ་ནང་དང་ཕྱི་རྒྱལ་ཁག་ལ་སྟོན་ཐོག་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཨོ་ལིབ་སྣུམ་ཐོན་སྐྱེད་ལ་གནོད་སྐྱོན་ཤུགས་ཆེ་ཐེབས་ནས་ཐོན་སྐྱེད་བྱེད་མཁན་ཚོས་ཟླ་བ་རྗེས་མའི་ནང་ཨོ་ལིབ་སྣུམ་དགོས་མཁོ་ལྟར་མཁོ་སྤྲོད་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པའི་སེམས་ཁྲལ་བྱེད་ཀྱི་ཡོད་འདུག


ཨོ་ལིབ་སྣུམ་ནི་ཟས་རིགས་ཀྱི་སྨན་རྫས་གྲགས་ཅན་ཞིག་དང་། དེ་ནི་གྲང་ཚལ་རིགས་དང་མཉམ་དུ་ཡག་པོ་ཡོད་པས་མ་ཚད། ད་དུང་ཚལ་བརྔོས་བྱེད་ལའང་བེད་སྤྱོད་ཆེན་པོ་ཡོད་པ་རེད།

སེམ་བྷི་ཊོན་ Sam Beaton ལགས་ནི་ཀོབ་རམ་ཨོ་ལིབ་ས་ཁང་གི་མཉམ་འབྲེལ་འགན་འཛིན་ཞིག་རེད།

ཁོང་གིས་ཨོ་ལིབ་སྣུམ་ནི་དགོས་མཁོ་ཆེ་བ་དང་མཁོ་སྤྲོད་འདྲ་མཉམ་མེད་པའི་རྐྱེན་གྱིས་རིན་གོང་མཐོ་རུ་ཕྱིན་ཡོད། ད་ལྟའི་ཆར་ཟ་ཁང་གི་ཨོ་ལིབ་སྣུམ་གྱི་རིན་གོང་དྲ་ཐོག་ནས་ལི་ཊར་བཞི་ཅན་གྱི་ལྕག་ཀྲིན་གཅིག་ལ་སྒྲོ་ལོ་ ༧༡ དང་། མེ་ལི་མི་ཊར་ ༧༥༠ ལ་སྒྲོ་ལོ་ ༢༧་༥༠ རེད་ཅེས་གསུངས་འདུག

ཁོང་གིས་ཨོ་སི་ཁྲུ་ལི་ཡའི་ནང་ཨོ་ལིབ་སྣུམ་དེ་དགོས་མཁོ་ཧ་ཅང་ཆེན་པོ་རེད་འདུག་ལ། ངས་བསམས་པར་དེ་ནི་སྤུས་ཚད་མཐོ་བའི་ཨོ་ལིབ་སྣུམ་དེ་རེད། མཛད་སྤྱོད་པ་ཚོས་ཨོ་ལིབ་སྣུམ་ནི་རྒྱུ་སྤུས་ཡག་པོ་དང་དེ་ནི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཤེས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

མི་མང་པོས་དཀྱིལ་ཤར་ཁུལ་དུ་ཨོ་ལིབ་སྣུམ་གྱི་ཆེད་དུ་ཨོ་ལིབ་འདེབས་འཛུགས་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད་བསམས་ཀྱི་ཡོད་ཀྱང་། འཛམ་གླིང་ཐོག་ཨོ་ལིབ་སྣུམ་ཐོན་སྐྱེད་བྱེད་མཁན་ཤུགས་ཆེ་ཤོས་དེ་སི་པེན་རྒྱལ་ཁབ་ཡིན་པ་རེད།

ཨོ་སི་ཁྲུ་ལི་ཡའི་ཨོ་ལིབ་ཚོགས་པའི་འགན་འཛིན་གཙོ་བོ་ Michael Southern མའེ་ཁལ་སའུ་ཌེར་གྱིས་སི་པེན་ལ་ཁྲོམ་རའི་གནས་སྟངས་དཀའ་ངལ་ཞིག་བྱུང་ཡོད་སྐོར་བརྗོད་འདུག

ཁོང་གིས་དེ་ནི་མཁོ་འདོན་དང་དགོས་མཁོའི་གནད་དོན་ཞིག་རེད། ཨོ་སི་ཁྲུ་ལི་ཡའི་ནང་ང་ཚོས་ནང་ཁུལ་གྱི་དགོས་མཁོ་ཕྱེད་ཀ་སྐོང་ཐུབ་པའི་ཨོ་ལིབ་སྣུམ་ཐོན་སྐྱེད་བྱེད་ཀྱི་ཡོད། གཞན་ཨོ་ལིབ་སྣུམ་གྱི་དགོས་མཁོ་ཕྱེད་ཀ་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་དེའི་ནང་མང་ཆེ་བ་ཞིག་སི་པན་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་རེད། འདས་པའི་ལོ་གཉིས་རིང་ལ་སི་པན་ནང་ཆར་ཆུ་མ་འབབ་པར་ཐན་པའི་དཀའ་ངལ་བྱུང་ནས་དེས་ཨོ་ལིབ་སྣུམ་ཐོན་སྐྱེད་ཆེན་པོ་བྱེད་མ་ཐུབ་པ་དང་། དེའི་རྐྱེན་པས་ཨོ་སི་ཁྲུ་ལི་ཡའི་ནང་ཨོ་ལིབ་སྣུམ་མང་པོ་ཞིག་སླེབས་ཐུབ་མེད་པ་རེད། ཨོ་ལིབ་སྣུམ་མཁོ་འདོན་ཉུང་དུ་ཕྱིན་པ་ལ་བརྟེན་ནས་རིན་གོང་ཡར་འཕར་ཡོད་པ་དང་། ད་དུང་མ་འོངས་པ་རིན་གོང་དེ་ལས་མཐོ་བར་འཕར་སྲིད་པ་མཐོང་གི་འདུག་ཅེས་གསུངས་འདུག

རྒྱལ་སྤྱིའི་ཨོ་ལིབ་ལྷན་ཚོགས་ཀྱི་གྲངས་ཐོ་ལྟར་ན། འཛམ་གླིང་ཁྱོན་ཡོངས་སུ་ཕྱི་ལོ་ ༢༠༢༡ ནས་ ༢༠༢༢ བར་ཨོ་ལིབ་སྣུམ་ཊོན་ས་ཡ་ ༣་༤༢ བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༢༢ ནས་ ༢༠༢༣ ལོར་ཚད་གཞི་མར་ཆགས་ནས་ཊོན་ས་ཡ་ ༢་༥༧ ལས་ཐོན་སྐྱེད་བྱས་ཐུབ་མེད་པ་རེད།

ཡིན་ནའང་ཨལ་ཊོ་ ALTO ཨོ་ལིབ་ཀྱི་བདག་པོ་རོ་བྷར་ཊི་ཨར་མ་སི་ཐྲོང་ Robert Armstrong གིས་ཨོ་སི་ཁྲུ་ལི་ཡའི་ནང་ས་གནས་ཀྱི་ཐོན་སྐྱེད་བྱེད་མཁན་ཚོས་ཀྱང་འདི་ལོར་ཨོ་ལིབ་སྣུམ་ཐོན་སྐྱེད་ཡག་པོ་བྱས་ཐུབ་མེད་སྐོར་བརྗོད་འདུག

ཁོང་གིས་ཉེ་བའི་ལོ་ནང་ཨོ་སི་ཁྲུ་ལི་ཡའི་ནང་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་ས་ཞིང་འདེབས་མཁན་མང་ཆེ་བར་ལོ་ཐོག་ཡག་པོ་བྱུང་མེད་པ་དང་། ལྷག་པར་དུ་འདི་ལོའི་ལོ་སྟོད་དུ་ཡག་པོ་བྱུང་མེད་པ་རེད། ན་ནིང་ཕྱི་ཟླ་ ༡༠ པའི་ཟླ་འགོར་དང་ ༡༡ པའི་ནང་ཤིང་སྡོང་ཚང་མ་མེ་ཏོག་བཞད་པའི་དུས་ཚིགས་ཡིན་ཡང་གནམ་གཤིས་འགྱུར་ལྡོག་གིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད་ཅེས་གསུངས་འདུག

སྐུ་ཞབས་སོ་ཌེར་ Mr Southern ལགས་ཀྱིས་ཨོ་ལིབ་སྣུམ་གྱི་རིན་གོང་ཆེས་མཐོ་ཤོས་ལ་སླེབས་ཡོད་སྐོར་བརྗོད་འདུག

ཁོང་གིས་ད་ནས་རིན་གོང་ཕ་ཆེར་དེ་ལས་མཐོ་བ་འགྲོ་མི་སྲིད། ངས་བསམས་པར་ད་ལྟ་རིན་གོང་ཆེས་མཐོ་ཤོས་ལ་སླེབས་ཡོད་པ་རེད་བསམས་ཀྱི་འདུག སིན་པན་ལ་ད་ལྟའི་ཆར་ཆར་པ་ཏོག་ཙམ་འབབ་བཞིན་ཡོད་སྐོར་གོ་སོང་། དེས་ཁོང་ཚོའི་སྟོན་ཐོག་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད། དེས་ཨོ་ལིབ་སྣུམ་ཐོན་སྐྱེད་ཀྱང་ཏོག་ཙམ་མང་བ་བྱེད་ཐུབ་ཀྱི་རེད་བསམས་ཀྱི་ཡོད། མ་ཚད་ཨོ་སི་ཁྲུ་ལི་ཡའི་དུས་ཚིགས་གསར་པའི་ཨོ་ལོབ་སྣུམ་ཡང་ཁྲོམ་རའི་ནང་སླེབས་ཚར་ཡོད་པ་རེད། དེ་འདྲ་སོང་ཙམ་ད་ནས་རིན་གོང་དེ་ལས་མཐོ་བ་མི་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

Share