ཨོ་སི་ཁྲུ་ལི་ཡའི་ནང་རྐང་ཐང་ལམ་གྱི་སྒྲིག་སྲོལ།

AE PEDESTRIAN_AusExpl_Social_1080x1350_LongLeftAligned_Blue.png

Get the SBS Audio app

Other ways to listen

དུས་རྒྱུན་ཨོ་སི་ཁྲུ་ལི་ཡའི་ནང་མི་རྣམས་རྐང་ཐང་དུ་འགྲོ་བསྐྱོད་བྱེད་ས་ལམ་ཁའི་སྒྲིག་སྲོལ་དང་འགལ་འཛོལ་བྱུང་ཚེ། དེའི་རྐྱེན་པས་ཉེས་ཆད་ཕོག་སྲིད་པས་མ་ཚད་བརྡབ་སྐྱོན་གྱི་གནས་ཚུལ་ཡང་ལྷག་སྲིད་པ་ཞིག་རེད། རྒྱ་ལམ་སྟེང་རྐང་ཐང་དུ་འགྲོ་བསྐྱོད་བྱེད་མཁན་ཚོས་བདེ་འཇགས་ལ་དོ་སྣང་དང་སྤྱིའི་ཤེས་བྱ་འགྲོ་ལུགས་འགྲོ་སྟངས་ཧ་གོ་དགོས་པ་གལ་ཆེན་པོ་ཆགས་ཡོད།


ཡིན་ནའང་ NRMA ཞེས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཡོངས་ལམ་ཁ་དང་འཁོར་རིགས་ཞབས་ཞུ་ཚོང་ལས་ཁང་གི་ལམ་ཁ་བདེ་འཇགས་སྐོར་གྱི་ཆེད་མཁས་པ་ཌེ་མེ་ཊར་ཝོ་ལཱ་ཧོ་མེ་ཊེ་རོས་ Dimitra Vlahomitros ལགས་ཀྱིས་ང་ཚོས་ལམ་ཁའི་སྒྲིག་གཞི་གཅིག་པུར་བློས་འཁེལ་ནས་འགྲོ་མི་རུང་ཞེས་གསུངས་འདུག

ཁོ་མོས་རྐང་ཐང་བ་ནི་ང་ཚོའི་ལམ་བེད་སྤྱོད་བྱེད་མཁན་གྱི་ཁྲོད་ནས་ཉེན་ཁ་ཆེ་ཤོས་ཡོད་མཁན་དེ་རེད། དེར་བརྟེན་ཁྱེད་རང་གང་དུ་འགྲོ་དུས་དང་ལམ་བརྒལ་དུས་ཁྱེད་རང་གི་བདེ་འཇགས་ལ་དོ་སྣང་བྱ་རྒྱུ་དེ་དངོས་གནས་གལ་ཆེན་པོ་རེད། ང་ཚོས་ཤེས་གསལ་ལྟར་ཉེན་ཁ་ཆེ་ཤོས་ཡོད་མཁན་ནི་ང་ཚོའི་ལོ་ན་ཧ་ཅང་ཕྲ་བའི་བྱིས་པ་དང་། རྒན་འཁོགས། དེ་བཞིན་ར་བཟི་བ་བཅས་རེད་ཅེས་གསུངས་འདུག

ཨོ་སི་ཁྲུ་ལི་ཡའི་རྐང་ལམ་གྱི་ཁྲིམས་དེ་མི་འགའ་ཞིག་ལ་བཙན་པོ་ཞིག་ཏུ་སྣང་སྲིད་ཀྱང་། སྲང་ལམ་དང་རྐང་ལམ་གྱི་སྟེང་དུ་འགྲོ་མཁན་ཚང་མར་སྲུང་སྐྱོབ་བྱེད་ཆེད་གཏན་འབེབས་བྱས་པ་ཞིག་རེད།

ཇིམ་ཝི་ལམ་ James Williams ལགས་ནི་ RACV ཞེས་པའི་འཕྲུལ་འཁོར་མཐུན་ཚོགས་ཞིག་གི་འགན་འཛིན་ཞིག་རེད། ཁོང་གིས་རྐང་ཐང་དུ་འགྲོ་མཁན་ཚོའི་ཁྲིམས་ལུགས་ཀྱི་ངོས་འཛིན་དེ་ཧ་ལས་པའི་རྒྱ་ཆེན་པོ་ཞིག་རེད་ཅེས་གསུངས་འདུག

ཨོ་སི་ཁྲུ་ལི་ཡའི་ནང་དུ་རྐང་ཐང་བ་ནི་ལམ་སྟེང་དུ་གོམ་པ་རྒྱག་ནས་འགྲོ་མཁན་དང་སྲང་ལམ་དུ་རྐང་ཐང་ལ་འགྲོ་མཁན་ཙམ་མ་ཡིན་པར། འཁོར་སྟེགས་ཐོག་སྡོད་མཁན་དང་ལྷམ་འཁོར་ལོ་ཅན་གྱོན་མཁན། འཁོར་ལོ་ཅན་གྱི་ཡོ་ཆས་སྤྱོད་མཁན་མང་པོ་ཞིག་ཚུད་ཡོད། དེ་བཞིན་མཚམས་རེར་རྐང་འཁོར་དང་སྦག་སྦག་སོགས་ཀྱང་རྐང་ཐང་འགྲོ་མཁན་གྱི་ལམ་བརྒྱུད་ནས་འགྲོ་བཞིན་ཡོད་པས།  རྐང་འཁོར་དང་སྦག་སྦག་ལ་བསྡད་ནས་ལམ་སྟེང་དུ་འགྲོ་མཁན་ཚོ་ཡང་ཁྲིམས་ལུགས་ཀྱི་ངོས་ནས་རྐང་ཐང་དུ་འགྲོ་མཁན་གྱི་སྒྲིག་གཞི་དང་གཅིག་མཚུངས་སྲུང་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

རྐང་ཐང་དུ་འགྲོ་མཁན་རྣམས་ཀྱི་ལམ་ཁའི་ཁྲིམས་ལུགས་ཀྱི་སྒྲིག་གཞི་འདི་ལ་མངའ་སྡེ་དང་ས་ཁུལ་ཡོངས་ལ་ཐུན་མོང་གི་རྩ་འཛིན་གྱིས་ལམ་སྟོན་ཡོད་ཀྱང་ཁྲིམས་འཛིན་སྡེ་ཁག་སོ་སོ་བར་བ་ཁྱད་པར་ཕྲན་བུ་རེ་ཡོད་པ་རེད། ཡིན་ན་ཡང་རྒྱལ་ཡོངས་ཀྱི་རྐང་ཐང་བ་རྣམས་ཉིན་རེ་བཞིན་ལམ་ཆེན་བརྒལ་ནས་འགྲོ་སྐབས་ཁྲིམས་དང་སྒྲིག་གཞི་འཁུར་དགོས་ཀྱི་ཡོད་པ་རེད་ཅེས་ལྕམ་ཝ་ལ་ཧོ་མེ་ཊོར་ Ms Vlahomitros ལགས་ཀྱིས་འགྲེལ་བརྗོད་གནང་འདུག

ཁོ་མོས་སྤྱིར་བཏང་ང་ཚོ་ལམ་ཁའི་གཡས་གཡོན་དུ་བདེ་འཇགས་གནས་ཐབས་ནི། ལམ་མདོར་འགྲིམ་འགྲུལ་གྱི་བརྡ་རྟགས་ཡོད་ན་ལམ་དེ་བརྒལ་ནས་འགྲོ་དགོས་ལ། དུས་རྟག་ཏུ་ལམ་གྱི་གློག་བརྡ་དེའི་རྗེས་སུ་འབྲང་དགོས། གལ་སྲིད་གློག་བརྡ་ནང་མི་ལྗང་ཁུ་ཞིག་ཡོད་ན། མི་ལྗང་ཁུ་ཡིན་པའི་སྐབས་སུ་འགྲོ་དགོས་ལ། ལམ་རྟགས་དམར་པོ་ཡིན་པའི་སྐབས་སུ་ལམ་དེ་བརྒལ་མི་ཉན། གལ་སྲིད་མི་དམར་པོ་ཞིག་ཡོད་པ་དང་། ལམ་དེ་བརྒལ་ནས་སོང་ན། ཁྱོད་ལ་དངུལ་ཆད་གཅོད་སྲིད་པ་རེད་ཅེས་གསུངས་འདུག 

ཁྲིམས་འདི་ཨོ་སི་ཁྲུ་ལི་ཡ་རྒྱལ་ཡོངས་སུ་ལག་བསྟར་བྱེད་བཞིན་ཡོད། ལམ་སྒྲོན་དམར་པོའི་མདུན་དུ་འགྲོ་བའམ་གློག་བརྡ་ལས་རྨིད་ ༢༠ ཙམ་གྱི་ནང་ཚུད་དུ་འགྲོ་བ་ལ་རྒྱུན་དུ་རྐང་པ་བརྐྱངས་ནས་འགྲོ་བ་ཞེས་བརྗོད། ཨོ་སི་ཁྲུ་ལི་ཡའི་རྐང་འགྲོ་ལྷན་ཚོགས་ཀྱི་འགན་འཛིན་གཙོ་བོ་དང་ཚོགས་པ་དེ་གསར་འཛུགས་བྱེད་མཁན་ཧ་རོལ་སི་ཁུ་ལུ་བི་ Harold Scruby ཡིས་རྐང་པ་བརྐྱངས་ནས་འགྲོ་བ་ནི་མིང་གཡར་ནས་བཏགས་པ་ཞིག་རེད་ཅེས་གསུངས་འདུག

ཨོ་སི་ཁྲུ་ལི་ཡའི་ནང་དུ་ལམ་འཕྲད་དུ་བཅད་ནས་འགྲོ་མི་ཆོག་པའི་ཁྲིམས་ཤིག་མེད། དེ་ནི་ཨ་རིའི་བསམ་ཚུལ་ཞིག་རེད། འོན་ཀྱང་ཨོ་སི་ཁྲུ་ལི་ཡའི་ཁྲིམས་དེ་ཧ་ཅང་གསལ་པོ་རེད། མི་ཚོས་གཟབ་གཟབ་བྱེད་ནས་ལམ་གང་འདྲ་ཞིག་ལ་དུས་ཚོད་ག་དུས་ཡིན་ནའང་ལམ་བརྒལ་ནས་འགྲོ་ཆོག ཡིན་ན་ཡང་གློག་བརྡ་ཡོད་ས་ནས་རྨིད་ ༢༠ ནང་ཚུད་དུ་མ་བརྒལ་ན་དེ་ནི་གློག་དམར་པོ་དང་། འགྲིམ་འགྲུལ་གློག་བརྡ་དམར་པོའི་ཁྲིམས་ལས་འགལ་གྱི་ཡོད་མ་རེད་ཅེས་གསུངས་འདུག

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་གལ་སྲིད་གློག་བརྡ་དམར་པོ་དེ་འབར་ཙམ་འབར་ཙམ་བྱེད་བཞིན་པའི་སྐབས་སུ་ལམ་བརྒལ་ནས་འགྲོ་བསྐྱོད་བྱེད་ཚེ་ཆད་པ་ཕོག་གི་ཡོད་པ་རེད།

ལམ་སྟེང་དུ་འགྲིམ་འགྲུལ་གློག་བརྡ་མེད་སར་འགྲོ་བསྐྱོད་བྱེད་དགོས་ཚེ་ངེས་པར་དུ་འཕྲད་ཐིག་དཀར་པོའམ་རྐྱང་ཁྲའི་རི་མོ་ལྟར་བུ་ཡོད་ས་དེ་ནས་བརྒལ་དགོས་ཀྱི་ཡོད་པ་རེད། ལམ་སྟེང་དུ་རྟགས་དེ་ཡོད་སར་འགྲོ་བསྐྱོད་བྱེད་སྐབས་རླངས་འཁོར་གཏོང་མཁན་ཚོས་རྐང་ཐང་དུ་བསྐྱོད་མཁན་ཚོ་ལམ་འཕྲད་དུ་བརྒལ་མ་ཚར་བར་དུ་ངེས་པར་དུ་སྒུག་དགོས་ཀྱི་ཡོད་པ་རེད།

གཞུང་ལམ་སྟེང་སྐང་ཐང་དུ་འགྲོ་བསྐྱོད་སྐོར་གྱི་ཁྲིམས་དང་སྒྲིག་གཞི་ཁག་རྒྱལ་ཡོངས་འགྲིམ་འགྲུལ་ལྷན་ཁང་གི་དྲ་ཚིགས་ཐོག་ནས་བལྟ་ཀློག་བྱ་རྒྱུ་ཡོད་པ་རེད།

Share