ལས་གནས་སུ་བཙན་ཤེད་ལ་གདོང་ལེན་བྱེད་མཁན་གནས་སྤོ་བ་ལས་མི་ཚོར་ཐོངས་མཆན་རིགས་ཤིག་གསར་དུ་བཟོས།

Temporary visa holder Valentina Olivares welcomes the changes (SBS).jpg

Get the SBS Audio app

Other ways to listen

ཨོ་སི་ཁྲུ་ལི་ཡ་གཞུང་གིས་ཨོ་སི་ཁྲུ་ལིའི་ནང་གཞིས་སྤོ་བ་ལས་མི་རྣམས་ཀྱིས་ལས་ཀ་བྱེད་སར་ཐོབ་ཐང་དྲང་བདེན་འཐབ་རྩོད་ཆེད། འཛམ་གླིང་ནང་ཆེས་ཐོག་མའི་ཐོངས་ཆེན་རིགས་གསར་པ་ཞིག་བཟོས་ཡོད་པ་རེད། ཐོངས་ཆེན་གྱི་སྡེ་ཚན་གསར་པ་འདིས་ལས་ཀ་བྱེད་སར་བཙན་ཤེད་ལ་འཐབ་རྩོད་བྱེད་བཞིན་པའི་གནས་སྤོས་བ་ལས་མི་ཚོས་ཐོབ་ཐང་འཐབ་རྩོད་བྱེད་བཞིན་པའི་སྐབས་སུ་ཨོ་སི་ཁྲུ་ལི་ཡའི་ནང་གནས་སྡོད་བྱེད་ཆོག་པའི་དུས་ཡུན་རིང་དུ་གཏོང་ཐུབ་ཀྱི་ཡོད་འདུག


ལོ་རྒྱུས་ཐོག་ནས་གནས་སྤོས་བ་ལས་མི་ཚོས་སྐྱབས་བཅོལ་ལག་ཁྱེར་གྱི་གནས་བབ་ཤོར་བའི་ཉེན་ཁ་ལ་ཞེད་ནས། མི་མང་པོ་ཞིག་གིས་ལས་ཀ་སྤྲོད་མཁན་སྦྱིན་བདག་ལ་ཐོབ་ཐང་རྩོད་ལེན་བྱེད་ཐུབ་ཀྱི་མེད་པ་རེད།

མིང་བརྗོད་འདོད་མེད་པ་ཞིག་གིས་ལམ་ལུགས་གསར་པ་འདིའི་འོག་ནས་འགྱུར་བ་ཞིག་འགྲོ་རྒྱུའི་རེ་བ་བྱེད་བཞིན་འདུག

གནས་སྐབས་ཀྱི་ཐོངས་ཆེན་ལག་ཁྱེར་ཡིན་པའི་གནས་སྤོས་བ་ལས་མི་ཚོ་རྒྱུན་དུ་ལས་ཀ་བྱེད་སར་བཙན་ཤེད་ཀྱི་འོག་ཏུ་ཚུད་ཀྱི་ཡོད་པའི་རྐྱེན་གྱིས་ཁོང་ཚོའི་བདེ་འཇགས་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་རེད། 

ཡིན་ནའང་ཨོ་སི་ཁྲུ་ལི་ཡའི་ནང་ལས་ཀ་དང་མི་ཚེའི་འཚོ་བ་ཤོར་བའི་འཇིགས་སྣང་ལ་བརྟེན་ནས་ཁོང་ཚོས་སྐད་ཆ་བཤད་ཐུབ་ཀྱི་མེད་པ་རེད།

ཨོ་སི་ཁྲུ་ལི་ཡ་དབུས་གཞུང་གིས་དྲང་བདེན་གྱི་ཐོངས་ཆེན་གསར་པ་དེའི་ཐོག་ནས། ལས་མི་རྣམས་སྦྱིན་བདག་གི་ས་ནས་ཐོབ་ཐང་ཇི་བཞིན་རག་རྒྱུའི་འཐབ་རྩོད་བྱེད་བཞིན་པའི་སྐབས་སུ་ཁོང་ཚོ་མུ་མཐུད་ཨོ་སི་ཁྲུ་ལི་ཡའི་ནང་སྡོད་ཆོག་གི་ཡོད་པ་བཟོས་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་གི་ལྟེ་གནས་ཀྱི་ཁྲིམས་རྩོད་འགན་འཛིན་སཱ་མཱ་ཊེ་ཝར་མཱ་ Sanmati Verma ལགས་ཀྱིས་འགྲེལ་བརྗོད་གནང་དོན།

ཁོང་གིས་ ཁོང་མོས་ལས་ཀའི་ཁྲོད་ནས་བཤུ་གཞོག་མྱོངས་བཞིན་པའི་མི་རྣམས་ལ་གཞི་རྩའི་བདེ་འཇགས་སྲུང་སྐྱོབས་ཀྱི་ཐོངས་མཆན་དེ་སྤྲོད་རྒྱུའི་ཐད་ལ་ཤུགས་སྣོན་རྒྱག་བཞིན་ཡོད། དེ་ལྟར་བྱས་ན་ཁོ་ཚོ་ཨོ་སི་ཁྲུ་ལི་ཡར་བསྡད་དེ་སྦྱིན་བདག་གི་ས་ནས་བླངས་དགོས་པའི་ཐོབ་ཐང་ཁག་རག་ཐུབ་ཀྱི་ཡོད། སྲུང་སྐྱོབ་ཀྱི་ཐབས་ལམ་འདིས་ཏག་ཏག་གནད་དོན་འདི་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམས་ཀྱི་ཡོད། གནས་སྤོ་བསྐྱར་ཞིབ་ཀྱི་འཆར་གཞི་འདིའི་ནང་དུ་ང་ཚོས་རེ་བ་རྒྱག་བཞིན་པའི་རྨང་གཞི་གསར་པ་ཞིག་ཡོད། འཆར་གཞི་དེས་གནས་སྤོ་ལས་མི་ཚོར་ཁྱེད་ཚོས་ལས་ཀའི་ཐོབ་ཐང་རྩོད་ལེན་བྱས་པ་ཙམ་གྱིས་སྦྱིན་བདག་གིས་ཁྱེད་ཚོའི་ཐོངས་མཆན་ཕྱིར་བསྡུ་དང་ཕྱིར་འབུད་བྱ་རྒྱུའི་འཇིགས་སྐུལ་ནམ་ཡང་བསྐུལ་མི་ཐུབ་ཅེས་བརྗོད་ཀྱི་ཡོད་ཅེས་གསུངས་འདུག

ཐོངས་ཆེན་འདིར་སྡེ་ཚན་གཉིས་ཡོད་པ་དང་། ཐོངས་ཆེན་ཞུ་མཁན་གྱིས་སྦྱིན་བདག་ལ་འཐབ་རྩོད་བྱེད་བཞིན་པའི་སྐབས་ཀྱི་དུས་ཡུན་དེར་ལས་ཀ་བྱེད་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད་འདུག

ཐོངས་ཆེན་དེར་དུས་ཡུན་ཟླ་བ་ ༦ ནས་ ༡༢ བར་ཡོད་པ་དང་གལ་སྲིད་དགོས་མཁོ་བྱུང་ཚེ་ད་དུང་ཐོངས་ཆེན་གྱི་དུས་ཡུན་འཕར་མ་ཆེད་བསྐྱར་དུ་སྙན་ཞུ་འབུལ་ཆོག་གི་ཡོད་འདུག

སྲུང་སྐྱོབ་འདིའི་འོག ད་དུང་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་བཅུག་ནས་ལས་ཀའི་ཆ་རྐྱེན་དང་འགལ་བའི་དབང་དུ་བཏང་ན་ཡང་། ཐོངས་མཆན་ཕྱིར་འཐེན་མི་བྱེད་པའི་འགན་ལེན་ཡང་བྱེད་ཀྱི་ཡོད་འདུག

ཡིན་ནའང་གནས་སྟངས་འདི་མཐའ་གཅིག་ཏུ་གཏན་འཁེལ་བྱས་པ་ཞིག་མ་ཡིན་པར་ཨོ་སི་ཁྲུ་ལི་ཡ་གཞུང་གིས་ཚོད་ལྟ་འོག་ཐོངས་ཆེན་དེ་ལོ་གཉིས་རིང་བཟོས་ཡོད་འདུག

ཝ་ལན་ཊི་ནཱ་ Valentina Olivares ཁོང་ནི་གནས་སྐབས་ཀྱི་ཐོངས་ཆེན་འོག་གནས་སྡོད་བྱས་ཡོད་འདུག ཁོང་གིས་གནས་སྡོད་བྱེད་ཆོག་པའི་གོ་སྐབས་མང་བར་བཏང་ནས། དེས་སྦྱིན་བདག་ཚོའི་ཚད་ལས་བརྒལ་བའི་བཙན་ཤེད་སྔོན་འགོག་ཐུབ་པར་ཕན་ཐོགས་ཡོང་གི་ཡོད་ཅེས་གསུངས་འདུག 

ཁོང་གིས་ཐབས་ལམ་མང་པོ་ཞིག་ཡོད་པ་རེད། གཞུང་གིས་ལམ་ཁ་གསལ་པོ་ཞིག་བཏོན་ནས་རྒྱལ་སྤྱིའི་སློབ་ཕྲུག་དང་གཞིས་སྤོ་ལས་མི་ཚོར་གཏན་སྡོད་ཆོག་པའི་ཐོངས་ཆེན་སྤྲད་དགོས་ཀྱི་ཡོད་པ་རེད། ཐོངས་ཆེན་འདི་གཞིས་སྤོ་བ་ལས་མི་ཚོ་དང་རྒྱལ་སྤྱིའི་སློབ་ཕྲུག་རྣམས་ལ་གནས་ཚུལ་འདི་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། གནས་ཚུལ་གལ་ཆེན་པོ་ཞིག་ཞུ་རྒྱུ་ཞིག་ལ་ཐོངས་ཆེན་འདི་ལག་བསྟར་བྱས་ཚར་ཡོད་པ་དང་གཞིས་སྤོ་ལས་མི་རྣམས་ལ་ཐོབ་ཐང་སྲུང་སྐྱོབ་གསར་པ་ཞིག་ཀྱང་ཡོད་པ་རེད་ཅེས་གསུངས་འདུག 

གནས་སྤོའི་ངལ་རྩོལ་ལྟེ་གནས་དང་། ལས་མི་མཐུན་ཚོགས། སྤྱི་ཚོགས་ཁྲིམས་ལུགས་ལྟེ་གནས་བཅས་ཀྱིས་ཀྱང་མ་འོངས་པར་ཁྲིམས་ལུགས་གཞན་དག་བརྒྱུད་མ་དགོས་པར་སྲུང་སྐྱོབ་འདི་དག་ལག་བསྟར་བྱ་རྒྱུ་ཡིན་འདུག

ལྕམ་ཝར་མཱ་ Ms Verma ལགས་ཀྱིས་སྲུང་སྐྱོབ་འདིས་མ་འོངས་པར་མངོན་གསལ་འགྱུར་བ་ཐེབས་རྒྱུ་ཡིན་སྐོར་གསུངས་འདུག

ཁོ་མོས་དེ་ནི་ལས་མི་གནས་སྤོ་པ་ཚོར་སྲུང་སྐྱོབ་ཆེད་འཛམ་གླིང་ཁྱོན་ཡོངས་ནས་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དང་། དེས་གཞིས་སྤོ་ལས་མི་ཚོར་གཞི་རྩའི་ཐོབ་ཐང་མང་པོ་ཞིག་སྲུང་སྐྱོབ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག 

ཐོངས་ཆེན་དེ་འདྲ་ཞིག་ལག་བསྟར་བྱས་པ་ནས་བཟུང་སཱ་མི་ཊེ་ཝར་མན་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ལྟེ་གནས་བཅས་ཀྱི་མི་ ༥ ཙམ་ལ་ཐོངས་ཆེན་དེའི་སྐོར་ལམ་སྟོན་བྱས་ཚར་ཡོད་འདུག

ཝ་ལན་ཊི་ནཱ་ Valentina Olivares ལགས་ཀྱིས་དེ་ནི་ཁ་ཕྱོགས་མ་ནོར་བ་ཞིག་རེད། ཡིན་ནའང་ད་དུང་སྒྲུབ་དགོས་པ་མང་པོ་ཞིག་ཡོད་པ་རེད་ཅེས་གསུངས་འདུག 

ཁོང་གིས་ཐོངས་ཆེན་འདིས་མ་འོངས་པར་རྒྱལ་སྤྱིའི་སློབ་ཕྲུག་དང་། གནས་སྐབས་ཀྱི་ཐོངས་ཆེན་ཡིན་མཁན། དེ་བཞིན་གཞིས་སྤོ་ལས་མི་རྣམས་ཀྱི་དཀའ་ངལ་ཆ་ཚང་་སེལ་ཐུབ་མིན་མི་ཤེས་ཀྱང་མ་མཐའ་ཡང་ཁོང་ཚོར་ཞབས་འདེབས་ཤིག་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

Share