རོལ་ཆ་བཀྲོལ་སྟངས་ཤིག་སྦྱང་འདོད་ཡོད་དམ།

Learning an instrument.jpg

Get the SBS Audio app

Other ways to listen

ཁྱེད་རང་གི་ནང་ལ་རོལ་ཆ་བཀྲོལ་སྟངས་སྦྱོང་ས་ཡོད་དམ། ཁྱེད་རང་གི་ཕྲུ་གུ་རོལ་དབྱངས་ཀྱི་འཛིན་གྲྭ་ལ་གཏང་ན་ཕན་ཐོགས་མང་པོ་ཞིག་ཡོད་པའི་རེ་བ་བྱེད་ཀྱི་ཡོད་སྲིད་ལ། ཅིག་བྱས་ན་ཁྱེད་རང་དུས་རྒྱུན་རོལ་དབྱངས་ཚོགས་པ་དེ་འདྲའི་ནང་འཛུལ་ཞུགས་ཀྱང་བྱས་ཡོད་སྲིད།


རྒྱུ་མཚན་ག་རེ་ཡིན་མིན་ལ་མ་བལྟོས་པར་རོལ་དབྱངས་བཀྲོལ་སྟངས་སྦྱོང་བ་ནི་སྣང་བ་སྐྱིད་པོ་ཁོ་ནའི་དོན་དུ་མ་ཡིན་པར་སྤྱི་ཚོགས་ཀྱི་ཉམས་མྱོངས་ཤིག་དང་དེའི་བརྒྱུད་ནས་གོ་སྐབས་མང་པོ་ཞིག་ཀྱང་ཡོད་པ་རེད།

རོལ་དབྱངས་བཀྲོལ་སྟངས་སྦྱོང་བ་ནི་ཕྲུ་གུ་དང་ཡང་ན་མི་དར་མ་ཚང་མ་ལ་ཕན་ཐོགས་ཡོད་པ་ཞིག་རེད།

རོལ་དབྱངས་སློབ་གྲྭའི་འབྲེལ་མཐུད་པ་ཧོ་ཝར་ཌི་ཆཱ་ཊོན་ Howard Chaston ཡིས་རོལ་དབྱངས་གཏོང་སྐབས་དེས་ཁྱེད་རང་གི་སེམས་ནང་ཚོར་བ་མ་འདྲ་བ་ཞིག་སླེབས་སྲིད་སྐོར་བརྗོད་འདུག

ཁོང་གིས་རོལ་དབྱངས་བཀྲོལ་སྐབས་རྩིས་རིགས་ཀྱི་རྩལ་དང་། སྒྱུར་གྱི་རྩལ། འབྲེལ་འདྲེས་ཀྱི་རྩལ་སོགས་ཕུལ་དུ་བྱུང་བའི་རྩལ་མང་པོ་ཞིག་དུས་གཅིག་ཏུ་འཛོམས་ཀྱི་ཡོད་སྐོར་དང་།  ད་དུང་ལུས་ཀྱི་འགུལ་སྤྱོད་ཀྱང་ཡོངས་སུ་ཚང་ཡོད་པས་ཁེ་ཕན་མང་པོ་ཞིག་ཡོད་སྐོར་བརྗོད་འདུག

རོལ་དབྱངས་སྐོར་སློབ་ཚན་ཁག་ཅིག་ཁྱེད་རང་གིས་སློབ་གྲྭའི་ནང་སྦྱང་མྱོངས་ཡོད་པ་དང་། ཡང་ན་ཁྱེད་རང་གི་མི་ཚེའི་ནང་སྦྱངས་མྱོངས་ཡོད་ཚེ་དེ་ཚོ་ཚང་མ་མཉམ་དུ་སྤུངས་དགོས་པ་རེད། རོལ་དབྱངས་སྦྱོང་བར་ཡི་གེ་དང་ཨང་རྩིས་གཉིས་ཀར་བསམ་བློ་གཏོང་དགོས་པ་རེད། རོལ་དབྱངས་ནང་ཨང་རྩིས་དང་ཡི་གེ་སོགས་ད་དུང་དེ་ལས་མང་བའི་ཤེས་བྱ་མང་པོ་ཞིག་མཉམ་དུ་འདུས་ཡོད་པ་རེད་ཅེས་གསུངས་འདུག

དེང་སང་དྲ་ཐོག་ནས་ཀྱང་རིན་མེད་རོལ་དབྱངས་སློབ་ཚན་མང་པོ་ཞིག་ཡོད་པ་དང་། དེ་ཚོ་ཁྱེད་རང་ལམ་སང་འགོ་འཛུགས་བྱེད་ཆོག སློབ་ཚན་དེ་ཚོའི་ནང་རོལ་དབྱངས་ཀྱི་གནས་ཚད་འདྲ་མིན་ལ་དཔགས་པའི་སློབ་ཁྲིད་བྱེད་བཞིན་ཡོད།

ཅིག་བྱས་ན་ཁྱེད་རང་རོལ་ཆ་དེ་ཚོ་ཚང་མར་ཕུལ་དུ་བྱུང་བའི་སྦྱོང་བརྡར་དང་ལག་རྩལ་གོང་མཐོར་གཏོང་འདོད་ཡོད་སྲིད།

ཨ་སཱ་ཁཱ་ Iska Sampson ལགས་ནི་རོལ་དབྱངས་པ་ཞིག་དང་སྒྲ་སྙན་རྡུང་ལེན་གྱི་དགེ་རྒན་ཞིག་རེད།

ཁོང་མོས་རོལ་དབྱངས་དགེ་རྒན་ཞིག་ཆགས་རྒྱུ་ནི་མི་ཚེའི་བྱ་དགའ་ཆེ་ཤོས་ཤིག་ཡིན་སྐོར་གསུངས་འདུག

ཁོ་མོས་རོལ་དབྱངས་སྦྱོང་བརྡར་སྐབས་དགེ་རྒན་ཞིག་འཁྲིས་ལ་ཡོད་དགོས་པ་གལ་ཆེན་པོ་རེད། ཁོང་ཚོས་ཁྱེད་རང་གི་རོལ་དབྱངས་བཀྲོལ་སྟངས་དང་སྒྲ་གོ་ཐུབ་ཀྱི་ཡོད་པས། ཁོང་ཚོས་རོལ་ཆ་རེ་རེ་གང་འདྲ་བྱེད་ནས་རྡུང་བཀྲོལ་བྱེད་དགོས་མིན་ཁོང་ཚོས་མཛུབ་སྟོན་བྱེད་ཀྱི་ཡོད། མ་ཚད་་ཁྱེད་རང་གིས་ཀྱང་ཁོང་ཚོས་རོལ་དབྱངས་རྡུང་བཀྲོལ་གང་འདྲ་བྱེད་བཞིན་ཡོད་མེད་དང་རོལ་དབྱངས་ཀྱི་སྒྲ་གོ་ཐུབ་ཀྱི་ཡོད་པས་སྦྱོང་བརྡར་སྐབས་ཕན་ཐོགས་ཆེ་བ་ཡོད་པ་རེད།

ཡང་ཁོ་མོས་གཞན་དག་གལ་ཆེ་ཤོས་ནི་ཁྱེད་རང་གི་རོལ་དབྱངས་སྦྱོང་བརྡར་སྐབས་མི་གཞན་དང་མཉམ་དུ་རོལ་དབྱངས་གཏོང་རྒྱུ་དེ་རེད། མི་གཞན་དང་མཉམ་དུ་རོལ་དབྱངས་གཏོང་སྐབས་ཁྱེད་རང་གི་ལག་རྩལ་ག་ཚོད་ཡར་རྒྱས་ཕྱིན་ཡོད་མེད་ཤེས་ཐུབ་ཀྱི་རེད་ཅེས་གསུངས་འདུག

ཁྱེད་རང་གི་ཕྲུ་གུར་རོལ་དབྱངས་འཛིན་གྲྭ་དེ་འདྲ་འཚོལ་བཞིན་ཡོད་ཚེ། མཚམས་རེར་སློབ་གྲྭ་ཁག་གིས་ཀྱང་རོལ་དབྱངས་འཛིན་གྲྭ་དེ་འདྲ་གཉེར་བཞིན་ཡོད། ཡིན་ན་ཡང་རོལ་དབྱངས་འཛིན་གྲྭའི་སྤུས་ཚད་སོགས་ཁྱེད་རང་གནས་སྡོད་བྱེད་སའི་མངའ་སྡེ་དང་ས་ཁུལ་སོ་སོར་རག་ལུས་ཡོད་པ་རེད།

ད་དུང་རོལ་དབྱངས་སྦྱོང་བརྡར་ཆེད་སློབ་གྲྭ་མ་འདྲ་བ་དང་ཤེས་ཡོན་གྱི་ལས་རིགས་མ་འདྲ་བར་གཞིགས་པའི་གཞུང་གི་རོགས་དངུལ་ཡང་དེ་འདྲ་ཡོད། གཞུང་གི་སློབ་ཆུང་ཁག་དེ་ཚོའི་ནང་འཛིམ་རིམ་ ༣ པ་ཡན་དེ་ཚོར་རོལ་དབྱངས་སྒྲ་འཇུག་གི་མཐུན་རྐྱེན་དེ་འདྲ་ཡང་བསྐྲུན་ཡོད།

ཧོ་ཝར་ཌི་ཆཱ་ཊོན་ Howard Chaston ལགས་ཀྱིས་བདམ་ག་སྣ་ཚོགས་ཡོད་པའི་རོལ་དབྱངས་ཀྱི་ཆེད་ལས་སློབ་གྲྭ་དེ་འདྲ་ཡོད་སྐོར་གསུངས་འདུག

ཁོང་གིས་ཨོ་སི་ཊོ་ལ་ཡའི་སློབ་གྲྭ་ཁག་གི་སློབ་ཚན་ནི། སྒེར་གྱི་སློབ་གྲྭ་དེ་ཚོར་ཁོང་ཚོ་སོ་སོར་སློབ་ཚན་དང་། ད་དུང་རོལ་དབྱངས་ཀྱི་འཛིན་གྲྭ་དེ་འདྲ་ཡང་ཡོད་པ་རེད། སྤྱིར་སྟངས་མངའ་སྡེ་ཁག་གི་ནང་མཐོ་སློབ་དེ་ཚོ་ཚང་མར་རོལ་དབྱངས་འཛིན་གྲྭ་དེ་འདྲ་ཡོད་པ་རེད་ལ། དུས་རྒྱུན་སློབ་གྲྭ་ཁག་གི་ནང་མི་སྒེར་ལ་རོལ་དབྱངས་སློབ་ཁྲིད་དེ་འདྲ་ཡང་ཡོད། ཕྲུ་གུ་ཚོས་སློབ་ཁྲིད་བདམ་ག་བྱེད་ཆོག དགེ་རྒན་ཆེད་ལས་པ་དེ་འདྲ་ཡོང་གི་ཡོད་ལ་སློབ་ཡོན་ཏོག་ཙམ་འཕར་མ་དགོས་ཀྱི་ཡོད་པ་རེད། སློབ་གྲྭ་དེ་ཚོའི་ནང་དགེ་རྒན་གཅིག་གི་སློབ་མ་རེ་རེ་ལ་སློབ་ཁྲིད་དང་ཡང་མཚམས་རེར་རུ་ཁག་ཆུང་ཆུང་རེ་བཟོས་ནས་མཉམ་དུ་ཡང་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

སློབ་གྲྭ་ཁག་ཅིག་ལ་རོལ་དབྱངས་ཀྱི་ཆེད་ལས་དགེ་རྒན་མང་པོ་ཡོད་པས་སློབ་གྲྭ་དེ་ཚོའི་རིགས་ཀྱིས་རོལ་དབྱངས་ཁོ་ན་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད།

སློབ་གྲྭའི་རོལ་དབྱངས་ལས་རིམ་དེ་ཚོ་ཡང་ཕྲུ་གུ་ཚོ་རོལ་དབྱངས་སྦྱོང་བརྡར་ལ་ཕན་ཐོགས་ཆེན་པོ་ཡོད།

སློབ་གྲྭའི་ཕྱི་ལོགས་སུ་ཡང་ཁྱེད་རང་ལ་འཚམ་པའི་རོལ་དབྱངས་དགེ་རྒན་དེ་འདྲ་འཚོལ་རྒྱུ་ཡོད་པ་རེད།

Share