ཨོ་སི་ཁྲུ་ལི་ཡའི་ནང་ཁྲིམས་དང་ཁྲིམས་ཁང་སོགས་ཁྲིམས་ལུགས་ཀྱི་སྒྲོམ་གཞི་ཤེས་རྟོགས།

ཨོ་སི་ཊོ་ལི་ཡའི་ཁྲིམས་ལུགས་ཀྱི་སྒྲིག་གཞི་ནི་སྒྲིག་ལམ་རྒྱུན་འཁྱོངས་དང་དྲང་བདེན་འགན་ལེན། མི་སེར་གྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ཆེད་དུ་བཟོས་པའི་རྙོག་འཛིང་ཆེ་བའི་སྒྲོམ་གཞི་ཞིག་ཡིན། ཨོ་སི་ཁྲུ་ལི་ཡ་ནི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་མངའ་སྡེ་དྲུག་དང་མངའ་ཁོངས་གཉིས་ཡོད་ཅིང་། དེ་དག་ལ་ཐུན་མོངས་རྒྱལ་ཁབ་ Commonwealth ཡི་ལམ་ལུགས་འོག ལས་ཀ་བྱེད་མཁན་གཞུང་དང་། ཁྲིམས་འཛུགས་ཁང་། ཁྲིམས་ཁང་གི་མ་ལག་བཅས་ཡོད།

9189-AusExpl_Social_1080x1350_LongLeftAligned_Blue.png
ཨོ་སི་ཊོ་ལི་ཡའི་ཁྲིམས་ལུགས་ལམ་ལུགས་ནང་ལ་ལས་བྱེད་པ་དང་སྒྲིག་འཛུགས་སྣ་ཚོགས་ཚུད་ཡོད། ལས་འགན་དང་རིམ་པ་མི་འདྲ་བ་ཡོད་ཀྱང་། ཁོང་ཚོ་ཚང་མ་མཉམ་དུ་ཁྲིམས་ལུགས་ཀྱི་རྨང་གཞི་སྟེ་ཁྲིམས་ལུགས་ཀྱི་དབང་ཆ་རྒྱུན་འཁྱོངས་བྱེད་པར་ལས་ཀ་བྱེད་ཀྱི་ཡོད། 

ཝི་ལམ་ཕར་ཊི་ལི་ཊི་ William Partlett ལགས་ནི་མེལ་བྷོན་ཁྲིམས་ལུགས་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཞིག་རེད་ཁོང་གིས་འགྲེལ་བརྗོད་གནང་དོན། 

དེའི་དོན་ནི་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ། མི་སྒེར་ཚང་མས་ཁྲིམས་ལུགས་ལ་སྲུང་བརྩི་བྱེད་དགོས། ཁྲིམས་ལུགས་དེ་མི་ཚང་མར་འདྲ་མཉམ་དུ་འཇུག་ཐུབ། ཁྲིམས་ལུགས་དེ་ཕྱོགས་ཞེན་མེད་པའི་རང་དབང་ཅན་གྱི་ཁྲིམས་ཁང་གིས་ཁྲིམས་ཁང་གི་མདུན་དུ་ཐོན་པའི་མི་སྒེར་ཚང་མར་དྲང་བདེན་གྱི་ཐོག་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད། ཁྲིམས་ལུགས་དེ་བྱ་ཐབས་ཐོག་ནས་གཏན་འབེབས་བྱས་པ་དེ་རེད། ཁྲིམས་ལུགས་ཀྱི་དབང་ཆ་གཙོ་བོ་འཁུར་མཁན་གྱི་གལ་ཆེའི་སྒྲིག་འཛུགས་ནི་གྲོས་ཚོགས་དང་ང་ཚོའི་སྤྱོད་ལམ་ལ་དབང་སྒྱུར་བྱེད་པའི་ཁྲིམས་ལུགས་གཏན་འབེབས་བྱེད་མཁན་དང་ཕྱོགས་ལྷུང་མེད་པར་ལག་བསྟར་བྱེད་པའི་སྐུ་ཚབ་རེད་ཅེས་གསུངས་འདུག 

དབུས་གཞུང་དང་མངའ་སྡེའི་རིམ་པ་གཉིས་ཀར་ཁྲིམས་འཛུགས་བྱེད་པའི་གྲོས་ཚོགས་ཀྱི་བྱ་ཐབས་དེ་ཨོ་སི་ཁྲུ་ལི་ཡའི་གཞི་རྩའི་ཁྲིམས་ལུགས་ཡིག་ཆ་རྩ་ཁྲིམས་ནང་བཀོད་ཡོད། 

གྲོས་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་ལ་གྲོས་ཚོགས་ཀྱི་ཁྲིམས་ལུགས་ཞེས་འབོད་ཀྱི་ཡོད། དེ་མིན་ཁྲིམས་ལུགས་དེ་དག་ཁྲིམས་ཁང་གི་དོན་འགྲེལ་བརྒྱུད་ནས་བཟོས་པ་དང་། དེ་དག་ལ་ཁྲིམས་ལུགས་ཞེས་འབོད་ཀྱི་ཡོད། 

སློབ་དཔོན་པཱ་ཊི་ལེ་ཊི་ Dr Partlett ལགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ནི་དབྱིན་ཡུལ་དང་། ཧོང་ཀོང་། ནེའུ་ཛི་ལན་ཌི། སོགས་དང་གཅིག་པ་སྔོན་ལ་དབྱིན་ཇིའི་རྒྱལ་ཁམས་ཀྱིས་ས་ཁུལ་གཞན་མང་པོ་ལྟར་ཐུན་མོངས་ཀྱི་ཁྲིམས་ཀྱི་ལམ་ལུགས་ཤིག་ཆགས་ཀྱི་ཡོད་པ་རེད། ཁྲིམས་ལུགས་ཀྱི་འབྱུང་ཁུངས་གཙོ་བོ་ནི་གྲོས་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་ཤིག་རེད། ཁྲིམས་ཁང་གིས་ཁྲིམས་ལུགས་ཟེར་བ་དེ་བཟོ་ཐུབ་ཀྱི་ཡོད། དེ་ནི་ང་ཚོས་སྤྱིར་བཏང་གི་ཁྲིམས་ལུགས་ཟེར་བ་དེ་ཆགས་ཐུབ། ད་ལྟ་སྤྱིར་བཏང་གི་ཁྲིམས་ལུགས་དེ་ཁྲིམས་ལུགས་ཀྱིས་རྟག་ཏུ་བཀག་འགོག་བྱེད་ཐུབ་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

དེ་བཞིན་བཀོད་སྒྲིག་གཞུང་གིས་བཟོས་པའི་‘བཀོད་སྒྲིག་བྱས་པའི་’(ཡང་ན་འོག་མའི་) ཁྲིམས་ལུགས་ཀྱང་ཡོད། དཔེར་ན། བློན་ཆེན་ཚོས་གྲོས་ཚོགས་ཀྱི་ཁྲིམས་ཡིག་གི་དབང་ཚད་འོག་སྒྲིག་གཞིའི་རྣམ་པའི་ཐོག་ནས་ཁྲིམས་ལུགས་བཟོ་གི་ཡོད། 

ཁྲིམས་ལུགས་ནི་ཁྲིམས་མཐུན་གྱི་ཚད་གཞིའི་གཞི་རྩའི་འབྱུང་ཁུངས་ཞིག་རེད་ཅེས་ཌོ་ཊར་པཱ་ཊི་ལེཊ་ཡིས་འགྲེལ་བརྗོད་བྱས་འདུག 

རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལམ་ལུགས་ཀྱིས་མངའ་སྡེ་དང་མངའ་ཁོངས་ཀྱི་མཉམ་འབྲེལ་རྒྱལ་ཁབ་ཡིན་པའི་གནས་ཚུལ་དེ་བསྟན་ཡོད། དོན་དངོས་ཐོག་འདིས་ཁྲིམས་ཁང་ཁག་ལ་མི་འདྲ་བའི་སྤྱི་མཐུན་གཞུང་གི་ཁྲིམས་ལུགས་དང་ཁྲིམས་ལུགས་ཡོད་པའི་དོན་སྟོན་གྱི་ཡོད། 

སྤྱི་མཐུན་སྲིད་གཞུང་དང་མངའ་སྡེའི་ཁྲིམས་ལུགས་བར་ཐད་ཀར་འགལ་ཟླ་བྱུང་བའི་སྐབས་སུ་སྤྱི་མཐུན་སྲིད་གཞུང་གི་ཁྲིམས་ལུགས་གཙོ་བོ་ཡིན། 

ལྷོ་ཨོ་སི་ཊོ་ལི་ཡའི་ཁྲིམས་ལུགས་ཞབས་ཞུའི་ལྷན་ཁང་ནས་ཡོང་བའི་ཁི་རི་སི་སི་ཊོན་གྱིས་གཉེན་སྒྲིག་ནས་ཁྲལ་འབབ་དང་གནས་སྤོ་བར་གྱི་གནད་དོན་ཁ་ཤས་ཡོད་ཅེས་བརྗོད་ཡོད། 

རྒྱལ་སྲུང་དང་། ཕྱིའི་རྒྱལ་ཁབ་ཀྱི་གནད་དོན། སྐྱབས་བཅོལ་སོགས་ཀྱི་ཐད་ལ་ཨོ་སི་ཁྲུ་ལི་ཡ་དབུས་གཞུང་གི་དབང་ཚད་ཡོད་པའི་ས་ཁུལ་རྣམས་ནི་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་སུ་ཚུད་ཡོད། རྒྱུ་མཚན་དེའི་ཕྱིར་ཨོ་སི་ཁྲུ་ལི་ཡར་གནས་སྡོད་བྱེད་པར་མཐོང་མཆན་ཞུ་བ་སོགས་ཀྱི་ཐད་ལ་ཨོ་སི་ཁྲུ་ལི་ཡ་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་སུ་ཚུད་ཡོད་པ་ལས་མངའ་སྡེའི་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་སུ་ཚུད་མེད། 

མངའ་སྡེ་དང་ས་ཁུལ་ལ་ལྟོས་ཏེ་འགྱུར་བ་འགྲོ་བའི་ཁྲིམས་ལུགས་ཀྱི་དཔེ་མཚོན་ཡོངས་ཁྱབ་ཅིག་ནི་འགྲིམ་འགྲུལ་གྱི་ཁྲིམས་ལུགས་དེ་རེད།

སྐུ་ཞབས་སི་ཊོན་ Mr Stone ལགས་ཀྱིས་མངའ་སྡེ་དང་ས་ཁུལ་སོ་སོ་ལྟར། ཨོ་སི་ཁྲུ་ལི་ཡ་ལྷོ་ཕྱོགས་མངའ་སྡེ་ལ་ཆ་མཚོན་ན། ལམ་ཁའི་སྟེང་དུ་རླངས་འཁོར་གཏོང་བ་དང་འབྲེལ་བའི་ཁྲིམས་ཡོད། དེའི་ནང་མི་རྣམས་ཀྱིས་རླངས་འཁོར་གཏོང་ཆོག་པའི་ལག་འཁྱེར་ཇི་ལྟར་ལེན་དགོས་པ་དང་། རླངས་འཁོར་ཇི་ལྟར་ཐོ་འགོད་བྱེད་དགོས་པ། རླངས་འཁོར་ཇི་ཙམ་གྱིས་མགྱོགས་པོ་གཏོང་ཐུབ་མིན་སོགས་ལ་བཀོད་འདོམས་བྱེད་ཀྱི་ཡོད། འདི་དག་ནི་མངའ་སྡེའི་ཁྲིམས་ཡིན་སྟབས། མངའ་སྡེ་རེ་རེས་རང་རང་གི་ལས་དོན་སྒྲུབ་ཆོག་པའི་ཐོབ་ཐང་དང་ཁྲིམས་ལུགས་ཡོད་པ་རེད་ཅེས་གསུངས་འདུག 

ཨོ་སི་ཁྲུ་ལི་ཡའི་མཉམ་འབྲེལ་སྲིད་གཞུང་གི་ལམ་ལུགས་དེ་ཁྲིམས་ཁང་གི་སྒྲིག་འཛུགས་ནང་དུའང་མངོན་གྱི་ཡོད། ཁྲིམས་ཁང་མཐོ་ཤོས་དེས་རིམ་པ་ཚང་མའི་ནང་གི་གོང་ཞུའི་མཐའ་མའི་ཁྲིམས་ཞིབ་ཁང་གི་འགན་འཁུར་གྱི་ཡོད། 

ཌོ་ཊར་ཕི་ཊི་ལེ་ཊི་ Dr Partlett ལགས་ཀྱིས་ཁྱེད་ལ་སྤྱི་མཐུན་ཁྲིམས་ཁང་ཡོད། དེ་ལ་རིམ་པ་མི་འདྲ་བ་མང་པོ་ཡོད། ང་ཚོ་ལ་སྤྱི་མཐུན་ཁྲིམས་ཁང་ནང་དུ་ཡང་ཡོད། དེ་ནི་སྡེ་ཚན་སོ་སོ་ཞིག་ཡིན། དེ་ནི་སྤྱི་མཐུན་ཁྲིམས་ཁང་ནང་དུ་ཁྱིམ་ཚང་ཁྲིམས་ཁང་ཞེས་འབོད་ཀྱི་ཡོད། རྒྱུ་མཚན་ནི་ཨོ་སི་ཁྲུ་ལི་ཡའི་ནང་ཁྱིམ་ཚང་གི་ཁྲིམས་ལུགས་དེ་རྒྱལ་ཁབ་ཀྱི་ཁྲིམས་ཁང་ནང་དུ་ཡོད། མངའ་སྡེའི་རིམ་པ་ལ་ང་ཚོ་ལ་ཁྲིམས་ཁང་མང་པོ་ཡོད། དེ་དག་གིས་མངའ་སྡེའི་ཁྲིམས་ལུགས་ལག་བསྟར་བྱེད་པར་དོ་སྣང་བྱེད་ཀྱི་ཡོད། དེར་བརྟེན་ཆེས་མཐོའི་ཁྲིམས་ཁང་གིས་སྤྱི་མཐུན་ཁྲིམས་ཁང་དང་། རྒྱལ་ཡོངས་ཀྱི་ཁྲིམས་ཁང་དང་། མངའ་སྡེའི་རིམ་པའི་ཁྲིམས་ཁང་གཉིས་ཀར་ལྟ་རྟོག་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག 

ཉེས་ཅན་གྱི་ཁྲིམས་ལུགས་ལ་སླེབས་སྐབས་གནད་དོན་མང་ཆེ་བ་མངའ་སྡེ་དང་མངའ་ཁོངས་ཀྱི་རིམ་པ་ནང་དུ་ཐག་གཅོད་བྱེད་ཀྱི་ཡོད། 

ཁྲིམས་ཐོག་གི་བྱ་སྤྱོད་དེ་སྤྱིར་བཏང་དུ་རྒྱལ་ཁབ་ཀྱིས་ཁྲིམས་འགལ་གྱི་གྱོད་གཞིའི་ནང་འགོ་འཛུགས་བྱེད་ཀྱི་ཡོད། ཡིན་ནའང་། མི་སྒེར་དང་ཚོགས་པ་ཁག་གི་བར་གྱི་རྩོད་རྙོག་དང་འབྲེལ་བའི་ཞི་བའི་གནད་དོན་ནང་ལ་དེ་ལྟར་མ་རེད། དཔེར་ན་རྒྱུ་ནོར་གྱི་རྩོད་རྙོག་དང་། གན་རྒྱ་འགལ་འཛོལ་སོགས་ཚུད་ཡོད།

གྷེར་མེ་ཁེ་ཨན་ཊེར་ Greg McIntyre SC ལགས་ཀྱིས་ཁྲིམས་ལུགས་ལྷན་ཚོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་སྲིད་འཛིན་འདེམས་སྒྲུག་གི་སྐབས་སུ་ཁྱད་པར་དེ་འགྲེལ་བརྗོད་གནང་དོན། 

ཁོང་གིས་ཉེས་ཅན་གྱི་གནད་དོན་དེ་ཚོ་སྤྱིར་བཏང་ཉེན་རྟོག་པའི་ལས་ཀའི་ནང་ནས་འགོ་བཙུགས་པ་རེད། ཁོང་ཚོས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་བྱེད་པ་དང་། དེ་ནས་ཁོང་ཚོས་ཁྲིམས་ཁང་རེ་རེའི་སྤྱི་དམངས་ཁྲིམས་རྩོད་པའི་འགན་འཛིན་ལ་གཏོང་བ་དང་། ཞི་བའི་ལམ་ལུགས་ཀྱིས་གཞུང་དེ་ཁྲིམས་རྩོད་ཀྱི་གཞི་རྩའི་འགུལ་སྐྱོད་བྱེད་མཁན་དུ་ཚུད་ཀྱི་མེད། གྱོད་བདག་གིས་ཁྲིམས་ཁང་ལ་གྱོད་གཞི་ཞིག་འཁྱེར་ནས་དེའི་ཐབས་ཤེས་དེ་གནོད་སྐྱོན་ཡང་ན་གུན་གསབ་བྱེད་དགོས་པའི་དགོས་འདུན་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག 

མི་སྒེར་དབར་གྱི་རྩོད་གཞི་དང་མི་འདྲ་བར། ནག་ཉེས་དང་འབྲེལ་བའི་གནད་དོན་རྣམས་གཞུང་གིས་མཐུན་རྐྱེན་སྦྱོར་བའི་ཁྲིམས་ལུགས་རོགས་རམ་ཞབས་ཞུའི་ནང་དུ་གལ་ཆེན་དུ་རྩི་བཞིན་ཡོད། དེའི་ཁོངས་སུ་ས་ཁུལ་སོ་སོའི་ཁྲིམས་ལུགས་རོགས་སྐྱོབ་ལྷན་ཚོགས་དང་དབྱིན་ཇིའི་རྒྱལ་ཁམས་ཀྱི་མངའ་སྡེའི་ཁྲིམས་ལུགས་དཔལ་འབྱོར་རོགས་སྐྱོབ་ལས་གཞི་བཅས་ཚུད་ཡོད།

ལས་ཁུངས་དེ་ཚོར་ཁོང་ཚོས་འགན་ལེན་བྱེད་ཐུབ་པའི་རྩོད་གཞིའི་གྲངས་འབོར་ཐད་ཚད་བཀག་ཡོད། ཁྲིམས་ལུགས་ཀྱི་ཁྱབ་ཁོངས་འགའ་ཞིག་ལ་གཞན་ལས་གལ་ཆེ་བའི་སྔོན་ཐོབ་སྤྲོད་ཀྱི་ཡོད། བཙོན་འཇུག་གི་ཉེན་ཁ་ཡོད་པའི་ནག་ཉེས་ཁྱབ་ཁོངས་སུ་གཏོགས་པ་རྣམས་ལ་ཁྲིམས་ལུགས་རོགས་རམ་ཐོབ་རྒྱུར་སྔོན་ཐོབ་མཐོ་བ་ཡོད་པ་དང་། ཐོན་ཁུངས་ཚད་ཡོད་ཅན་གྱི་མི་རྣམས་ལ་ནང་མིའི་ཁྲིམས་ལུགས་ཐོག་རོགས་རམ་སྤྲོད་ཀྱི་ཡོད། འོན་ཀྱང་མི་སྒེར་གྱིས་གུན་གསབ་རྩོད་པའི་ཞི་བའི་ཞུ་གཏུག་རིགས་ལ་སྤྱིར་བཏང་ཁྲིམས་ལུགས་རོགས་སྐྱོར་ཐོབ་རྒྱུ་ཧ་ཅང་དཀའ་བ་ཡོད་པ་རེད་ཅེས་གསུངས་འདུག

ཁྲིམས་ལུགས་སྐུ་ཚབ་དགོས་མཁོ་ཡོད་ཀྱང་ཚོང་དོན་གླ་ཆ་སྤྲོད་མི་ཐུབ་པ་དང་གཞུང་གིས་མ་དངུལ་གནང་བའི་ལས་གཞིར་འོས་ཆོས་མེད་པ་རྣམས་ཀྱིས། རང་ཉིད་ཀྱི་ས་གནས་སུ་གནད་དོན་ངེས་ཅན་ལ་རིན་མེད་རོགས་རམ་གནང་མཁན་གྱི་ཁྲིམས་རྩོད་པ་འཚོལ་ཞིབ་བྱེད་པ་ལྟ་བུའི་གདམ་ག་གཞན་ཡོད་མེད་ཞིབ་འཇུག་བྱེད་ཆོག

གང་ལྟར་ཡང་། ཁྲིམས་ལུགས་ལག་ལེན་པ་ཞིག་གླ་གཡར་བྱེད་སྐབས། ཁོང་ཚོའི་ཤེས་ཚད་ལག་ཁྱེར་གྱི་ཆ་འཕྲིན་བདེན་དཔང་ཡོད་མེད་ཞིབ་བཤེར་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད།

སྐུ་ཞབས་མེ་ཁེ་ཨན་ཊེར་ Mr McIntyre ལགས་ཀྱིས་མངའ་སྡེ་དང་མངའ་ཁོངས་སོ་སོའི་སྒྲིག་གཞི་ལྟར། ཁྲིམས་ལུགས་ལག་ལེན་པ་ཚང་མར་དུས་མཐུན་གྱི་ལག་ལེན་ལག་ཁྱེར་ཞིག་ཡོད་དགོས། མངའ་སྡེ་དང་མངའ་ཁོངས་རེ་རེར་ལག་ལེན་ལག་ཁྱེར་སྤྲོད་མཁན་གྱི་ཁྲིམས་མཐུན་ལས་ཁུངས་རེ་ཡོད་ལ། ལས་ཁུངས་དེ་དག་ལ་དྲྭ་རྒྱ་ཡོད་པ་དང་། དེའི་ནང་ཁྱེད་ཀྱིས་འབྲེལ་བ་བྱེད་བཞིན་པའི་གང་ཟག་དེར་ལག་ལེན་ལག་ཁྱེར་ཡོད་མེད་དང་ཁྲིམས་ལུགས་ལག་ལེན་གྱི་འོས་བབ་འཕྲོག་མེད་མེད་ཞིབ་བཤེར་བྱེད་ཆོག དེའི་ཐོག་ཁྲིམས་རྩོད་པའི་མཐུན་ཚོགས་དང་ཁྲིམས་ལུགས་མཐུན་ཚོགས་བཅས་ནས་ཀྱང་དེ་འདྲའི་ཆ་འཕྲིན་རྙེད་ཐུབ་ཅེས་གསུངས་འདུག 

སྤྱི་ཚོགས་ཁྲིམས་ལུགས་ལྟེ་གནས་ཁང་རྣམས་ནི་གདམ་ག་གཞན་ཞིག་ཡིན། དེའི་ཁོངས་སུ་མངའ་སྡེ་དང་མངའ་ཁོངས་སོ་སོའི་ནང་ཡོད་པའི་བུད་མེད་ཁྲིམས་ལུགས་ཞབས་ཞུ་ལྟེ་གནས་ཚུད་ཡོད། དེ་དག་གིས་ཁྱིམ་ཚང་ནང་གི་དྲག་སྤྱོད་དང་འབྲེལ་བའི་གནད་དོན་ཐོག་ཁྲིམས་ལུགས་རོགས་སྐྱོར་གཙོ་བོར་མཁོ་སྤྲོད་བྱེད་ཀྱི་ཡོད།

ཨེ་སི་ཨེ་ཁྲིམས་ལུགས་ཞབས་ཞུ་ལྷན་ཚོགས་ SA Legal Services ནས་སྐུ་ཞབས་སི་ཊོན་ Mr Stone ལགས་ཀྱིས་ཁྲིམས་ལུགས་རོགས་སྐྱོར་ཞེས་པ་དེ་སྐུ་ཚབ་བྱེད་པ་ཙམ་ལས་བརྒལ་བ་ཞིག་ཡིན། དཔལ་འབྱོར་གནས་སྟངས་ལ་མ་ལྟོས་པར་མི་སུ་འདྲ་ཞིག་ལའང་ཁྲིམས་ལུགས་རོགས་སྐྱོར་གྱི་རིགས་འདྲ་མིན་སྣ་ཚོགས་ཐོབ་ཐུབ་ཅེས་གསུངས་འདུག

ཁོང་གིས་མི་ཕལ་ཆེ་བས་ཁྲིམས་ལུགས་རོགས་སྐྱོར་ཞེས་པའི་ཐ་སྙད་གོ་སྐབས། ཁྲིམས་རྩོད་པ་ཚོས་ཁྲིམས་ཁང་དུ་འགྲོ་བ་དེ་འདྲ་བསམ་གྱི་ཡོད་ཀྱི་རེད། དེ་ནི་ཁྲིམས་ལུགས་གནད་དོན་ངེས་ཅན་འགའ་ཞིག་ཁོ་ནའི་ནང་ཡིན། ཁྲིམས་ལུགས་རོགས་སྐྱོར་ལྷན་ཚོགས་མང་ཆེ་བས་རོགས་རམ་གཞན་དག་ཀྱང་མཁོ་སྤྲོད་བྱེད་ཀྱི་ཡོད། དཔེར་ན། ཁྲིམས་ལུགས་རོགས་སྐྱོར་གྱི་མ་དངུལ་སྤྲོད་མིན་ལ་མ་ལྟོས་པར་མི་རྣམས་ལ་སློབ་སྟོན་གནང་བ་ལྟ་བུ་ཞིག་རེད་ཅེས་གསུངས་འདུག 

སྐུ་ཞབས་སི་ཊོན་ Mr Stone ལགས་ཀྱིས་ཁྲིམས་ལུགས་ཀྱི་སློབ་སྟོན་ཞུ་རྒྱུ་ནི་རྒྱུན་དུ་ལམ་སྟོན་གལ་ཆེན་ཞིག་ཡིན། ལྷག་པར་དུ་ཨོ་སི་ཁྲུ་ལི་ཡའི་ཁྲིམས་ལུགས་ཀྱི་ལམ་ལུགས་ལ་རྒྱུས་མངའ་མེད་ན་དེ་ལྟར་བྱེད་མི་རུང་ཞེས་གསུངས་འདུག 

སྐབས་རེར་མི་རྣམས་ཨོ་སི་ཁྲུ་ལི་ཡའི་ནང་དུ་ཡོད་སྐབས། ཁྲིམས་འགལ་གྱི་ལམ་ལུགས་སམ་ཁྲིམས་ཀྱི་འགྲོ་ལུགས་དང་འབྲེལ་བའི་ཡུལ་གཞན་ཞིག་ཏུ་ཉམས་མྱོང་ངན་པ་བྱུང་ཡོད་སྲིད། དེས་ཁོ་ཚོར་ཁྲིམས་དང་ཁྲིམས་ཀྱི་འགྲོ་ལུགས་ལ་འཛིན་པའི་བསམ་བློའི་འཁྱེར་སོ་ལ་ཤུགས་རྐྱེན་ཐེབས་སྲིད། དེར་བརྟེན། ཨོ་སི་ཁྲུ་ལི་ཡའི་ཁྲིམས་ཀྱི་འགྲོ་ལུགས་ཀྱི་སྐོར་ནས་སློབ་སྟོན་ཞུ་རྒྱུ་ནི་རྒྱུན་དུ་ཐབས་ལམ་ཡག་པོ་ཞིག་རེད་ཅེས་གསུངས་འདུག


Share
Published 27 July 2024 8:11pm
Updated 27 July 2024 8:14pm
Source: SBS

Share this with family and friends