སློབ་གྲྭ་དང་དྲ་ཐོག་ནས་ཕྲུ་གུ་ཕན་ཚུན་བརྙས་བཅོས་ལ་གདོང་ལེན་གང་འདྲ་བྱེད་དགོས།

བདེ་འཇགས་དང་ཀུན་འདུས་ཀྱི་སློབ་སྦྱོང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་ཨོ་སི་ཁྲུ་ལི་ཡའི་སློབ་གྲྭ་ཚང་མའི་དམིགས་ཡུལ་གཙོ་བོ་ཡིན། ཡིན་ནའང་སློབ་གྲྭའི་ནང་དུ་བརྙས་བཅོས་ཐེབས་ན་ཕ་མས་ཅི་ཞིག་བྱེད་དགོས་སམ། དྲ་ཐོག་དུ་བརྙས་བཅོས་ཐེབས་ན་ཐབས་ཤེས་ཅི་ཞིག་བསྟེན་དགོས་སམ། དྲི་བ་འདི་དག་སེལ་ཐབས་སུ་ང་ཚོས་ཤེས་ཡོན་སློབ་གསོ་དང་སེམས་ཁམས་རིག་པ། དྲ་སྟེང་བརྙས་བཅོས་ལ་གདོང་ལེན་བྱེད་ཕྱོགས་བཅས་ཀྱི་ཆེད་མཁས་པ་ཚོར་ལམ་སྟོན་ཞུ་དགོས་ཀྱི་ཡོད།

image004.png
བརྙས་བཅོས་ཀྱི་སྤྱོད་ལམ་ལ་རྣམ་པ་དང་ཚད་གཞི་སྣ་ཚོགས་ཡོད་ཀྱང་གནས་སྟངས་གང་འདྲ་ཞིག་ཡིན་རུང་ཆེད་མཁས་པས་ནམ་ཡང་སྣང་ཆུང་བྱེད་མི་ཉན་ཟེར། ལྷོ་ཨོ་སི་ཁྲུ་ལི་ཡའི་སློབ་ཆེན་གྱི་སློབ་གསོའི་མ་འོངས་པའི་སྡེ་ཚན་གྱི་ Dr Deborah Green མཁས་དབང་ཌེ་བྷོ་རཱ་གྷེ་རན་ལགས་ཀྱིས་བརྙས་བཅོས་ཀྱི་ཕུགས་ཀྱི་ཤུགས་རྐྱེན་ནི་གནོད་འཚེ་ཕོག་ཡུལ་གྱི་སློབ་ཕྲུག་ཚོའི་སྟེང་དུ་ཡོད་པ་མ་ཟད་སྤྱི་ཚོགས་ཀྱི་སྟེང་དུའང་ཡོད་པར་གསུངས་ཡོད། ཁོང་གིས་སློབ་གསོ་དང་རོགས་སྐྱོར། སྨན་བཅོས་བཅས་ཀྱི་འགྲོ་གྲོན་ལ་བསམ་གཞིག་གནང་དགོས་ཀྱི་ཡོད་ཅེས་གསུངས་འདུག 

ཁོ་མོས་ཨོ་སི་ཁྲུ་ལི་ཡའི་ལོ་རིམ་ ༤ ་པ་ནས་ ༩ པའི་བར་གྱི་སློབ་མ་བཞི་ལས་གཅིག་གིས་བདུན་ཕྲག་འགའ་ཤས་ནང་ཡང་ན་དེ་ལས་མང་བ་བརྙས་བཅོས་མྱོངས་ཀྱི་ཡོད་པ་དང་། བརྙས་བཅོས་ཀྱིས་སྤྱི་ཚོགས་ལ་ཨོ་སི་ཁྲུ་ལི་ཡའི་ཨ་སྒོར་ས་ཡ་ ༢.༣ གྱི་གྱོང་གུན་ཕོག་ཡོད་པའི་གནས་ཚུལ་ཐོན་ཡོད། གནད་འགག་ཆེ་ཤོས་ནི་སྤྱོད་ལམ་འདིས་མི་ཞིག་གི་སེམས་ཁམས་འཕྲོད་བསྟེན་དང་། མི་ཚེའི་སྤུས་ཚད། སྤྱིར་བཏང་གི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག 

སྤྱོད་ལམ་གང་འདྲ་ཞིག་ལ་བརྙས་བཅོས་ཀྱི་མིང་ཐོབ་བམ། སྤྱོད་ལམ་དེ་གནོད་མེད་ཀྱི་རྩེད་མོ་དང་མི་འདྲ་བའི་རྒྱུ་མཚན་གང་ཡིན་ནམ། 

མཁས་དབང་གྷི་རིན་ Dr Green གྱིས་ཨོ་སི་ཁྲུ་ལི་ཡའི་ངེས་ཚིག་ནང་བཙན་ཤེད་བྱེད་པ་དེ་གནོད་སྐྱོན་གཏོང་འདོད་པའི་སྐད་ཆ་དང་། དེས་མི་གཅིག་གམ་ཚོགས་པ་ཞིག་གིས་མི་གཅིག་དང་ཡང་ན་མི་མང་པོ་ཞིག་གི་སྟེང་ལ་དབང་ཆ་ལོག་སྤྱོད་བྱེད་པ་དེ་དག་ཚུད་སྲིད་པ་རེད་ཅེས་གསུངས་འདུག

 གནོད་འཚེ་གཏོང་འདོད་ཀྱི་ཀུན་སློང་དང་། སྟོབས་ཤུགས་ཆ་མི་སྙོམས་པ། ཡང་ནས་ཡང་དུ་བྱེད་དགོས་པ་བཅས་ནི་བྱིས་པ་ཚོའི་བརྙས་བཅོས་དང་རྩེད་མཚར་གྱི་བརྙས་བཅོས་གཉིས་ཀྱི་ཁྱད་པར་ཡིན་ཞེས་བཤད་པ་རེད། འོན་ཀྱང་སྨན་པ་གྷི་རེན་ལགས་ཀྱིས་ཉེ་ཆར་གྱི་ཞིབ་འཇུག་བརྒྱུད་ནས་མཚམས་ཐིག་དེ་གསལ་པོ་མེད་ཚུལ་ཉེན་བརྡ་བཏང་ཡོད། 

ཁོ་མོས་རྒྱུ་མཚན་ནི་སྤྱོད་ལམ་དེ་རིགས་ཀྱིས་བརྙས་བཅོས་བྱེད་མཁན་ལ་གནོད་འཚེ་གཏོང་བ་དང་རྒྱུན་མཐུད་ནས་བྱེད་དུས་མཚམས་ལས་བརྒལ་ནས་བརྙས་བཅོས་ཀྱི་ངོ་བོར་འགྱུར་གྱི་ཡོད། ཨོ་སི་ཁྲུ་ལི་ཡའི་བྱིས་པ་ཚོར་བརྙས་བཅོས་དང་ཀྱལ་ཀའི་སྐོར་ལ་སྐད་ཆ་དྲིས་སྐབས་ཁོ་ཚོས་གནོད་འཚེ་ཆེ་བའི་ཀྱལ་ཀ་ནི་རྒྱུན་ལྡན་གྱི་བརྙས་བཅོས་ཀྱི་སྤྱོད་ལམ་ཞིག་མྱོང་གི་ཡོད་པར་བཤད་པ་དང་། དེའི་རྗེས་སུ་ཁོ་ཚོས་བརྙས་བཅོས་ཀྱི་སྐོར་ལ་རྫུན་གཏམ་བཤད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག 

མཁས་དབང་གྷི་རིན་གྱིས་མཁས་དབངཁར་མལ་ཊེ་ཌོ་ Dr Carmel Taddeo དང་མཉམ་དུ་སློབ་གྲྭའི་སྤྱི་ཚོགས་ལ་བཙན་ཤེད་སྔོན་འགོག་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཨོ་སི་ཁྲུ་ལི་ཡའི་གཞུང་གིས་བརྙས་བཅོས་མེད་པའི་རུ་ཁག་ གི་ཞིབ་འཇུག་ལས་གཞི་ཞིག་ལ་ལས་ཀ་བྱེད་ཀྱི་ཡོད།
 
མཁས་དབང་ཊེ་ཌོ་ Dr Taddeo ཡིས་སློབ་གྲྭ་ཁག་ལ་སྒྲིག་གཞི་མི་འདྲ་བ་ཡོད་ཀྱང་སློབ་གྲྭ་ཚང་མར་བརྙས་བཅོས་སྔོན་འགོག་གི་ཐབས་ཇུས་ཡོད་པར་འདོད་དེ། ཕོ་མོ་དབྱེ་འབྱེད་ཀྱི་ཤེས་ཡོན་དང་། དབང་པོ་སྐྱོན་ཅན། མི་རིགས་དབྱེ་འབྱེད། ཆོས་ལུགས་དད་མོས་སོགས་ཀྱི་ཤེས་ཡོན་སློབ་གསོ་གཏོང་རྒྱུ་སོགས་ཚུད་ཡོད།

ཁོང་གིས་དེར་བརྟེན་སྤྱིར་བཏང་དུ་བརྙས་བཅོས་ཀྱི་དོན་རྐྱེན་སྙན་ཞུ་བྱུང་རྗེས། གནས་ཚུལ་བསྡུ་རུབ་དང་ཡིག་ཐོག་ཏུ་བཀོད་ནས་སློབ་མའི་བདེ་འཇགས་དང་བདེ་ཐང་ལ་འགན་ལེན་བྱེད་པར་ཐེ་གཏོགས་བྱེད་ཐབས་ཡག་ཤོས་དང་གང་དགོས་མིན་གཏན་འབེབས་བྱེད། གནས་ཚུལ་འགའ་ཤས་ནང་སློབ་ཕྲུག་ཚོ་ཆེད་ལས་རྒྱབ་སྐྱོར་དང་ཞབས་ཞུ་ལ་གཏོང་ཐུབ་ཀྱི་ཡོད། ཡིན་ནའང་། འདི་སློབ་ཕྲུག་དང་ཁོང་ཚོའི་ནང་མི་ཚོ་དང་མཉམ་དུ་གྲོས་བསྡུར་བྱེད་རྒྱུ་ཡིན། གལ་ཏེ་སློབ་ཕྲུག་ཡང་ན་ཕ་མ་ལྟ་སྐྱོང་བྱེད་མཁན་གྱིས་སློབ་གྲྭའི་བྱེད་ཐབས་ལ་དགའ་པོ་མེད་ན། ཁོང་ཚོས་ཤེས་རིག་ལས་ཁུངས་ཀྱི་སྐྱོན་བརྗོད་འཛིན་སྐྱོང་ཁ་པར་ལ་ཁ་པར་གཏོང་ཐུབ་ཅེས་གསུངས་འདུག

ཕྲུ་གུ་ཞིག་གིས་བརྙས་བཅོས་ཀྱི་ཉམས་མྱོང་གསལ་བསྒྲགས་བྱེད་སྐབས་ཕ་མ་ལྟ་སྐྱོང་བྱེད་མཁན་ལ་སེམས་འགུལ་སྣ་ཚོགས་ཐེབས་རྒྱུ་དེ་རྒྱུན་ལྡན་ཡིན་ཞེས་སྨན་པ་ཊེ་ཌོ་ཨོ་ཡིས་བཤད། 

ཡིན་ན་ཡང་ཁྱེད་རང་གིས་ཕྲུ་གུ་ལ་རྒྱབ་སྐྱོར་བྱེད་པར་ཡོད་པའི་ཡིད་ཆེས་སྤྲོད་རྒྱུ་གལ་ཆེན་པོ་རེད། 

སྨན་པ་ཊེ་ཌོ་ཡིས་སློབ་གྲྭའི་སྙན་ཐོའི་བརྒྱུད་རིམ་ནང་ཞི་འཇམ་དང་ནུས་པ་ལྡན་པའི་སྒོ་ནས་ཇི་ལྟར་སྡོད་དགོས་པའི་ཁ་ཡོད་ལག་ཡོད་ཀྱི་ལམ་སྟོན་འགའ་ཞིག་གནང་ཡོད།

ཁོང་གིས་དེར་བརྟེན་ཕ་མ་ལྟ་སྐྱོང་བྱེད་མཁན་གྱིས་ཕྲུ་གུའི་དགེ་རྒན་དང་ཡང་ན་སློབ་གྲྭའི་ཚོགས་གཙོ་ལྟ་བུའི་ལས་བྱེད་འོས་འཚམ་གཞན་དང་མཉམ་དུ་ཚོགས་འདུ་འཚོགས་རྒྱུའི་རེ་འདུན་བཏོན་ནས་འགོ་འཛུགས་སྲིད། སློབ་གྲྭའི་ལས་བྱེད་པ་དང་མཇལ་འཕྲད་བྱེད་སྐབས་ཁྱེད་རང་གི་དྲན་ཐོ་འཁྱེར་ནས་གང་བྱུང་བ་དེ་འགྲེལ་བཤད་རྒྱག་པ་དང་། གལ་ཏེ་ཁོང་ཚོས་ཕྲུ་གུ་ལ་འཛུལ་ཞུགས་བྱེད་འདོད་ན། གསང་བའི་གནས་ཚུལ་དང་རྒྱབ་སྐྱོར་གང་འདྲ་ཞིག་ཡོད་མེད་དྲིས་རོགས། ཁྱེད་རང་གིས་སློབ་གྲྭའི་ལས་བྱེད་པ་ཚོ་དང་མཇལ་སྐབས་ཚོགས་འདུའི་ཡིག་ཆ་བཞག་ནས་ཁོང་ཚོར་གནས་ཚུལ་སྤྲོད་པར་མུ་མཐུད་ནས་གཞི་རྩ་ལ་འབྲེལ་བ་བྱེད་དགོས། དེ་བཞིན་ཁོང་ཚོས་ཁྱེད་ལ་འཕེལ་རྒྱས་ཀྱི་སྐོར་ལ་གནས་ཚུལ་སྤྲོད་ཐུབ་ཅེས་གསུངས་འདུག

ཕལ་ཁེ་ལཱར་ཁེ་ Paul Clark ལགས་ནི་ཨོ་སི་ཊོ་ལི་ཡའི་མི་དམངས་ལ་དྲ་ཐོག་ནས་བཙན་ཤེད་དང་ལོག་སྤྱོད་ཀྱི་དཀའ་ངལ་འཕྲད་པར་རོགས་རམ་བྱེད་མཁན་གྱི་གཞུང་འབྲེལ་ལས་ཁུངས་གློག་འཕྲིན་བདེ་འཇགས་འགན་འཛིན་གྱི་འགན་འཛིན་ཞིག་རེད།

དྲ་རྒྱའི་ཐོག་ནས་བརྙས་བཅོས་བྱེད་པའི་དོན་རྐྱེན་བྱུང་སྐབས་ཁོང་གིས་དགོས་མཁོའི་བྱ་སྤྱོད་གཙོ་བོ་ཁག་ཅིག་འགྲེལ་བརྗོད་གནང་འདུག 

ཁོང་གིས་གལ་སྲིད་བྱིས་པ་སུ་ཞིག་དྲྭ་སྟེང་དུ་བརྙས་བཅོས་ཐེབས་ཀྱི་ཡོད་ན་ཁྱོད་ཀྱིས་ཐོག་མར་པར་རིས་བླངས་ནས་དྲྭ་ཚིགས་ཐོ་འགོད་བྱས་ཏེ་བརྙས་བཅོས་ཐེབས་ཡུལ་གྱི་དྲྭ་ཚིགས་ལ་སྙན་སེང་ཞུ་དགོས། དྲྭ་ཚིགས་དེས་ཁྱོད་ལ་ལན་འདེབས་བྱེད་མ་ཐུབ་ན་ཉེན་སྲུང་དྲྭ་ཚིགས་ལ་སྙན་སེང་ཞུ་དགོས། ང་ཚོར་དྲྭ་སྟེང་བརྙས་བཅོས་ཐེབས་ཡུལ་གྱི་བྱིས་པ་ཚོའི་སེམས་ཁམས་ལ་གནོད་སྐྱོན་ཚབས་ཆེན་བཟོ་བའི་མི་འདོད་པའི་གནས་ཚུལ་ཡོད་ཚད་ཕྱིར་འདོན་བྱེད་པའི་ནུས་པ་ལྡན་ཡོད་ཅེས་གསུངས་འདུག 

དྲྭ་སྟེང་བརྙས་བཅོས་ནི་ཚིག་ངན་ཙམ་ལས་བརྒལ་ཡོད། ཉེན་འགོག་ལྷན་ཚོགས་ཀྱིས་སྙན་ཞུ་ཕུལ་བའི་དྲྭ་སྟེང་བརྙས་བཅོས་ཀྱི་དཔེ་མཚོན་ནི་མི་རྫུན་བཟོ་བྱེད་པ་དང་། དྲག་སྤྱོད་ཀྱི་འཇིགས་སྐུལ་བྱེད་པ། ཐ་ན་སློབ་ཕྲུག་གིས་བཟོས་བྱུང་རིག་ནུས་ལ་བརྟེན་ནས་སློབ་ཕྲུག་གཞན་ལ་བརྙས་བཅོས་བྱེད་པར་བཟོས་པའི་འཁྲིག་སྤྱོད་ཀྱི་བརྙན་འཕྲིན་སོགས་ཡིན། 

འོན་ཀྱང་སྙན་ཞུ་ཐོབ་སྐབས་གློག་འཕྲིན་བདེ་འཇགས་ཞིབ་བཤེར་པ་ཚོས་ནང་དོན་དང་སྐབས་དོན་གཉིས་ཀར་ཞིབ་བཤེར་བྱས་ནས་བརྙས་བཅོས་བྱུང་ཡོད་མེད་གཏན་འབེབས་བྱེད་ཀྱི་ཡོད་ཅེས་སྐུ་ཞབས་ཁེ་ལཱར་ཁེ་ལགས་ཀྱིས་ཡང་བསྐྱར་འགྲེལ་བརྗོད་གནང་དོན། 

ཁོང་གིས་ངས་ཁྱོད་ལ་དཔེ་མཚོན་ཞིག་ཞུ་ཆོག་པ་ནི། ང་ཚོས་རོགས་སྐྱོར་བྱས་པའི་བུ་ཆུང་ཞིག་གི་ཕ་མས་ཁོང་ཚོའི་བུ་སྤྱི་སྤྱོད་རླངས་འཁོར་ལ་དགའ་པོ་ཡོད་མེད་ལ་འཕྱ་སྨོད་བྱེད་པའི་བརྙན་འཕྲིན་དང་མིང་གསལ་མི་གསལ་བའི་འཕྲིན་ཡིག་མང་པོ་ཞིག་བསྐུར་འདུག་ཅེས་སྙན་ཞུ་ཕུལ་བ་དེ་རེད། རྒྱང་རིང་ནས་བལྟས་ན་གནས་ཚུལ་དེ་འདྲ་ནི་ཧ་ཅང་དོན་སྙིང་མེད་པ་ཞིག་ཏུ་སྣང་ཡང་། སྐབས་དོན་ནི་གཙོ་བོ་དེ་རེད། བུ་ཆུང་དེས་དྲྭ་སྟེང་ནས་གནོད་འཚེ་ཚད་མེད་ཐེབས་བཞིན་འདུག་དེའི་རྐྱེན་གྱིས་ང་ཚོའི་ཞིབ་འཇུག་པས་འཕྲིན་ཡིག་དེ་སྤྱོད་ངན་སྤེལ་མཁན་གྱི་གྲངས་ཀའི་ཚད་ཐིག་ལ་སླེབས་ཡོད་པར་ཐག་བཅད་དེ། འཕྲིན་ཡིག་དེ་ཕྱིར་འདོན་བྱེད་ཐབས་བྱས་པ་རེད་ཅེས་གསུངས་འདུག

དྲྭ་སྟེང་བརྙས་བཅོས་ཀྱི་དོགས་གཞི་དང་བདེན་དཔང་ཡོད་ཚད་ལ་སྐུ་ཞབས་ཁེ་ལཱར་ཁེ་ལགས་ཀྱིས་ཕ་མ་ཚོས་བྱིས་པའི་གློག་ཀླད་འཕྲོག་འདོད་ཀྱི་བསམ་བློར་འགོག་རྒོལ་བྱེད་དགོས་པའི་ལམ་སྟོན་གནང་། 

ཁོང་གིས་ང་ཚོའི་ཤེས་གསལ་ལྟར་ན། འདི་ནི་ཁྱེད་ཀྱི་ཕྲུ་གུ་ལ་གནོད་སྐྱོན་ལས་སྲུང་སྐྱོབ་བྱེད་འདོད་ཀྱི་རང་བྱུང་གི་འདོད་པ་ལས་བྱུང་བ་རེད། འོན་ཀྱང་དེས་ཕྲུ་གུ་ཚོས་མ་འོངས་པར་རོགས་རམ་འདོན་པར་བཀག་འགོག་བྱེད་པའི་ནུས་པ་ཐོན་ཐུབ། དེའི་ཚབ་ཏུ་ང་ཚོས་ཕ་མ་ཚོས་ཕྲུ་གུ་ལ་གནས་སྟངས་དེ་བརྒྱུད་ནས་མཉམ་དུ་རྒྱབ་སྐྱོར་བྱེད་དགོས་པ་དང་། ཁོང་ཚོར་དགོས་པའི་སེམས་ཁམས་རྒྱབ་སྐྱོར་ཐོབ་པར་ཁག་ཐེག་བྱེད་དགོས་པའི་བསམ་འཆར་འདོན་གྱི་ཡོད་ཅེས་གསུངས་འདུག 

Jamie Kendall ཇེ་མི་ཀེན་ཌལ་ནི་བདུན་ཕྲག་གཅིག་གི་ཉི་མ་བདུན་རིང་དུས་ཡུན་ཆུ་ཚོད་ ༢༤ རིང་བྱིས་པ་ཆུང་ཤོས་ལོ་ལྔ་ཡན་ དེ་ཚོར་ཁ་པར་ལམ་ནས་རོགས་རམ་གནང་མཁན་ཞིག་ཡིན། 

ཁོང་གིས་བརྙས་བཅོས་ལ་གདོང་ལེན་བྱེད་པའི་ཐབས་ལམ་ནི་གཞན་གྱི་ཁ་ཕྱིར་བསྐོར་ནས་འགྲོ་རྒྱུ་དང་དགོད་བྲོ་བའི་གཏམ་གྱིས་ཁ་ཕྱོགས་བསྒྱུར་རྒྱུ། གཞན་གྱིས་བརྙས་བཅོས་བྱེད་པ་སྣང་མེད་དུ་འཇོག་པ་སོགས་མིན། འོན་ཀྱང་སྐུ་ཞབས་ཁེན་ཌལ་ Mr Kendall ལགས་ཀྱིས་ཐབས་ལམ་འདི་དག་ནི་དུས་ཡུན་ཐུང་ངུའི་རིང་གི་ཐབས་ལམ་ཡིན་པས་རྒྱུན་ལྡན་གྱི་སྤྱོད་ལམ་ལ་མི་དགའ་བའམ་སྤྱོད་ངན་དེས་སེམས་ཁམས་ལ་ཤུགས་རྐྱེན་ངན་པ་ཐེབས་ཚེ་མི་རྒན་པ་ལ་རོགས་རམ་བྱེད་དུ་འགྲོ་ཞེས་བཤད། 

ཁོང་གིས་ང་ཚོ་མི་རྒན་པ་ཚོ་ལ་མ་སླེབས་གོང་དུ་རང་ཉིད་ཀྱིས་ཐག་གཅོད་བྱེད་འདོད་ཡོད་པ་དེ་དངོས་གནས་རྒྱུན་ལྡན་ཞིག་ཡིན། དེ་ལ་དོ་དམ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཐབས་ཤེས་ཡག་ཤོས་དེ་རེད། ཁྱེད་རང་གིས་ཁྱིམ་དུ་མི་རྒན་པ་ཞིག་ཤེས་པའམ་ཡང་ན་ཡིད་ཆེས་བྱེད་ཐུབ་པའི་མི་རྒན་པ་གཞན་ཞིག་ཤེས་ཀྱི་ཡོད་ཅེས་བཤད་ན་ཡང་། འོན་ཀྱང་སྐབས་ཤིག་ལ་གལ་སྲིད་དེ་མུ་མཐུད་དུ་བྱུང་ན་ང་ལ་ཁྱེད་ཀྱི་རོགས་རམ་དགོས་སྲིད་ཅེས་གསུངས་འདུག

མི་དར་མ་ཚོར་ཐོག་མར་ཕྲུ་གུ་ཚོར་གོ་སྐབས་སྤྲད་ནས་གནས་ཚུལ་ག་རེ་འབྱུང་གི་ཡོད་མེད་ཤོད་བཅུག་དགོས་པ་དང་། དེ་ནས་བརྙས་བཅོས་ཀྱི་དཀའ་ངལ་མྱོངས་བཞིན་པ་དེ་ལས་དཀའ་ངལ་སེལ་ཐབས་སྐོར་ལ་གོམ་པ་སྤོ་དགོས་ཀྱིི་ཡོད་པ་རེད།

མཐའ་མར་བྱིས་པའི་མི་ཚེའི་ནང་ཡིད་ཆེས་བྱེད་ཐུབ་པའི་རྒན་རྒོན་ཚོས་དྲ་རྒྱ་ཞིག་ཏུ་མཉམ་དུ་ལས་ཀ་བྱེད་དགོས་ཞེས་སྐུ་ཞབས་ཀེན་ཌལ་གྱིས་བཤད། 

ཁོང་གིས་ཁྱེད་རང་གིས་གཞོན་སྐྱེས་དེ་ལ་གང་བྱུང་བཞིན་ཡོད་ཅེས་དྲིས་ནའང་། ཁྱེད་རང་གིས་ད་དུང་ཡང་གང་ཞིག་བྱུང་བཞིན་ཡོད་པའི་ཚོར་སྣང་བྱུང་བ་དང་། ཡིན་ནའང་ང་ལ་ད་དུང་ཡང་གཅིག་བྱས་ན་གང་ཞིག་ཡོད་སྲིད་པའི་ཚོར་སྣང་ཞིག་ཡོད། ངས་སློབ་གྲྭའི་དགེ་རྒན་གཅིག་ལ་ལྟ་ཞིབ་བྱེད་ན་ཁྱེད་རང་ལ་སེམས་ཁྲལ་བྱེད་ཀྱི་རེད་དམ། ཁྱེད་ཀྱི་གནས་སྟངས་དེ་གང་འདྲ་འགྲོ་གི་ཡོད་མེད་དང་། ཁོང་ཚོར་ལོ་རྒྱུས་གཞན་ཞིག་ཐོབ་ཀྱི་ཡོད་མེད་ལྟ་རྒྱུ་དེ་རེད། དེ་ནི་ཁོང་ཚོས་མི་གཅིག་ལ་སྐད་ཆ་བཤད་པ་ཙམ་མ་ཡིན་པར་པར་ཚང་མ་མཉམ་རུབ་ཐོག་ནས་གོ་བསྡུར་གྱིས་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་རེད་ཅེས་གསུངས་འདུག

Share
Published 7 August 2024 8:54pm
Updated 7 August 2024 8:57pm
Source: SBS

Share this with family and friends